R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༢བ
[A:༡༡༢བ]ཆེན་པོ་མཛད། ལྷ་སའི་ཇོ་བོ་ལ་སྐོར་བ་འབུམ་གཏེར་བཏང་བས་མནལ་ལམ་དུ་ཇོ་བོའི་སྐུའི་གཡས་ན་སྤྱན་རས་གཟིགས་བཅུ་གཅིག་ཞལ་མི་ཆེ་བ་ཙམ་ཞིག་བཞུགས་འདུག་པའི་ཞལ་ནས། ཁྱོད་ཡོ་བྱད་མང་པོ་ཁྱེར་ལ་རྒྱ་གར་ལ་སོང་། དོན་ཁྱད་པར་ཅན་མང་པོ་འགྲུབ་ཅིང་སེམས་ཅན་ལ་ཕན་པར་འགྱུར་རོ། །ཞེས་ལུང་བསྟན་པ་ལ་བསྟེན་ནས་རྒྱ་གར་ལ་འབྱོན་པར་ཆས་ཏེ། སྐྱིད་རོང་ནས་བལ་ཡུལ་བརྒྱུད་དེ་བྱོན། བལ་པོའི་པཎྜི་ཏ་ཡེ་རངས་པ་ཆེན་པོ་ལ་བདེ་མཆོག རྣལ་འབྱོར་མ་རྡོ་རྗེ་གདན་བཞི་རྣམས་ཀྱི་དབང་སྒྲུབ་ཐབས། རྒྱུད་རྫོགས་རིམ་ལ་སོགས་པ་མན་ངག་མང་དུ་ཞུས། སྒྲ་བསླབས་པས་མཁས་པར་མཁྱེན། དེ་ནས་རྒྱ་གར་དུ་བྱོན། དང་པོར་བླ་མ་མཧཱ་ཡོ་གི་དང་མཇལ། རྡོ་རྗེ་ཕག་མོའི་བྱིན་རླབས་དང་གདམ་ངག་རྣམས་ཞུས་ཤིང་། ནུབ་ཅིག་ཚོགས་ཀྱི་འཁོར་ལོའི་དུས་སུ་བླ་མའི་གསུང་གི ནམ་མཁའ་ན་བཅོམ་ལྡན་འདས་