R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༣ན
[A:༡༡༣ན]རྡོ་རྗེ་ཕག་མོ་བཞུགས་པ་མཐོང་ངམ་གསུངས། དེས་བལྟས་པས་རྡོ་རྗེ་ཕག་མོ་གཙོ་འཁོར་ལྔ་བཞུགས་པ་མངོན་སུམ་དུ་གཟིགས། ཏིང་ངེ་འཛིན་གྱི་སྒོ་དུ་མ་ཐུགས་ལ་འཁྲུངས། དེ་དུས་རྒྱ་གར་ན་རྩོད་པ་མེད་ཅིང་ཡོངས་སུ་གྲགས་པའི་བླ་མ་རྡོ་རྗེ་གདན་པ་ཆུང་བ་དང་མཇལ། གསང་སྔགས་ཀྱི་དབང་དང་རྒྱུད་སྒྲུབ་ཐབས་མང་དུ་གསན་ཅིང་། ཕལ་ཆེན། དཀོན་བརྩེགས། ཏིང་ངེ་འཛིན་རྒྱལ་པོ་ལ་སོགས་པའི་བཤད་པའང་གསན། གཞན་ཡང་བླ་མ་རྡོ་རྗེ་གདན་པ་ཆེན་པོ་དང་། པཎྜི་ཏ་དོན་ཡོད་རྡོ་རྗེ་ལ་སོགས་པ་ལ་ཡི་དམ་ལྷའི་སྒྲུབ་ཐབས་སྟོང་རྩ་བརྒྱད་གསན། དེ་རྣམས་ཀྱི་ནང་ནས་གང་ལེགས་ལེགས་དང་། ཟབ་ཟབ་ཉེ་བར་མཁོ་བ་བརྒྱ་རྩ་བརྒྱད་ཕྱོགས་གཅིག་ཏུ་བསྡུས་ནས་ལོ་པཎ་གཉིས་ཀྱིས་བསྒྱུར། །བླ་མས་དེ་རྣམས་ཀྱི་སྤྱིའི་མངོན་རྟོགས་གཅིག་དང་། སོ་སོའི་སྒྲུབ་ཐབས་རབ་ཏུ་གསལ་བ་རེ་དང་། དེ་རྣམས་རེ་རེ་ལའང་བཤད་