R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༢ན
[A:༡༡༢ན]ཞེས་བྱ་བ། འཁྲུངས་ཡུལ་མདོ་ཁམས་དབྱེར་མོ་ཐང་པ། གདུང་བ་རི་མདོ་ཚང་བཞིའི་ནང་ནས་གླིང་ཁ་བའི་རིགས་སུ་འཁྲུངས་པ། བྱིས་པའི་དུས་ནས་ཡི་གེ་དྲུག་པ་ཁོ་ན་བཟླ་ཞིང་སྤྱན་རས་གཟིགས་ཀྱི་བྱིན་གྱིས་བརླབས་པ་ཞིག་ཆུང་ངུ་ནས་མཁའ་འགྲོས་ལུང་བསྟན་ལ་བརྟེན་ནས། དགུང་ལོ་བཅུ་དགུ་པ་ལ་དབུས་གཙང་དུ་འབྱོན་པར་ཆས། བར་ལམ་དུ་སྒྲོལ་མ་གཙོ་འཁོར་གསུམ་པ་ཆེ་ཆུང་ཚོན་གང་པ་ཞལ་འཛུམ་བག་དང་ལྡན་ཞིང་འོད་མཐའ་ཡས་པ་གཅིག་གཟིགས། དེས་ལུང་བསྟན་ཅིང་ཆོམ་རྐུན་གྱི་འཇིགས་པ་ལས་བསྐྱབས། དེ་ནས་དབུ་རུ་སྟོད་དུ་ཕེབས་ནས་མཁན་པོ་ཀུ་སུ་ལུ་པ་ཞང་ཡོན་ཏན་རིན་ཆེན་དང་། སློབ་དཔོན་སྟན་གཅིག་པ་བརྩོན་འགྲུས་གྲགས་ལས་རབ་ཏུ་བྱུང་། མཚན་རིན་ཆེན་གྲགས་སུ་བཏགས། གཞན་ཡང་དེ་དུས་ཀྱི་དགེ་བཤེས་མཁས་པ་དང་བཟང་བར་གྲགས་པ་ཕལ་ཆེ་བ་ལ་གཏུགས་ནས་ཐོས་བསམ་རྒྱ་