R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༨བ
[A:༡༠༨བ]ཚེའི་སྨད་ལ་ན་བཟའ་དཀར་མོ་བཞེས་པའི་སྔགས་པའི་ཆ་བྱད་མཚན་ཡོན་ཏན་ཚུལ་ཁྲིམས་སུ་གྲགས་པ་ཞིག་ཡིན་པར་སེམས་སོ་ཞེས་གསུངས་པས། གུ་རུབ་རིན་ཆེན་བསོད་ནམས་དང་། བྲག་སྟེང་པ་གཉིས་གཅིག་པ་ཉིད་དོན་ལ་འཐད་པ་ཡིན་ནོ། །བླ་མ་ཆེན་པོ་མལ་ལོ་ཙཱ་བ་འདི་ཉིད་སྤྱིར་རྡོ་རྗེ་ཐེག་པ་མཐའ་དག་ལ་མཁས། ཁྱད་པར་བལ་པོ་ཕམ་མཐིང་པ་སྐུ་མཆེད་དང་། ཀློག་ཀྱ་ཤེས་རབ་བརྩེགས་ལ་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་ཡོངས་སུ་རྫོགས་པ་གསན། བདེ་མཆོག་རྩ་བའི་རྒྱུད་བདུན་ཅུ་རྩ་གསུམ་གསན་ཏེ་ཐམས་ཅད་ལ་ལེའུ་རེ་ལ་ཚོགས་འཁོར་རེ་མཛད་དེ་ཞུས། ཡི་གེ་བདུན་པའི་ལས་ཚོགས་རྣམས་ཐོགས་པ་མེད་པར་གྲུབ། སྒྲུབ་པ་ལ་བརྩོན་པས་གྲོངས་གའི་བར་ཐུན་བཞིའི་རྣལ་འབྱོར་མ་ཆག་པར་མཛད། གཤེགས་པའི་ཚེ་སྐུ་ལུས་ལ་རྒྱན་དྲུག་གསོལ་ཏེ། ནམ་མཁའ་ལ་གར་མཛད་ཅིང་སྒྲ་འོད་དང་བཅས་གཤེགས། བླ་མ་འདིས་བྲག་སྟེང་པ་ལ་ཆོས་