R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༨ན
[A:༡༠༨ན]གཉིས་མཚན་གྱི་རྣམ་གྲངས་མ་གཏོགས་དོན་གཅིག་ཡིན་པར། རྗེ་བཙུན་གྱི་ཡོ་གའི་བསྟན་བཅོས་གཞན་ཕན་སྤྱི་ཆིངས་སུ་བཤད་ཅིང་། བདག་གི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པའི་གསུང་ལས་ཀྱང་། གུ་རུབ་རིན་ཆེན་བསོད་ནམས་དང་། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས་ནི་གཅིག་པར་རྗེ་ཚར་ཆེན་གྱི་སྙན་བརྒྱུད་རིན་ཆེན་ལྡེ་མིག་ཏུ་བཤད་པ་འདི་ཉིད་དོན་ལ་གནས་པའི་ཕྱིར། གཏེར་མའི་ལོ་རྒྱུས་ཀྱི་ཡི་གེ་ལས་ཀྱང་། ཕོ་བྲང་བཙུན་པས་དགེ་སློང་རིན་ཆེན་བསོད་ནམས་ལ་གནང་། དེ་ནས་དགེ་བཤེས་བྲག་སྟེང་པས་མལ་ལོ་དང་འབྲོ་ཇོ་སྲས་ཞང་དགེ་གཉིས་ལ་གནང་། ཞེས་བཤད་པའི་ཚིག་འགྲོས་བརྟགས་པས་ཀྱང་རིན་ཆེན་བསོད་ནམས་དང་། བྲག་སྟེང་པ་གཉིས་གཅིག་ཡིན་པ་ལ་འཁྲུལ་པ་མེད་དོ། །དེས་ན་བྲག་སྟེང་པ་འདི་ཉིད་སྐུ་ཚེའི་སྟོད་ལ་རབ་ཏུ་བྱུང་བའི་རྟེན་ཅན། མཚན་རིན་ཆེན་བསོད་ནམས་སྐུ་