R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༩ན
[A:༡༠༩ན]སྐྱོང་གི་སྐོར་རྣམས་ཞུས་དུས། གསེར་ཞོ་བཅོ་བརྒྱད་ཕུལ་ནས་གདམ་ངག་རྣམས་བུམ་པ་གང་བྱོར་ནོས་ཤིང་། ཁྱད་པར་གྱི་རྟེན་རྣམས་ཀྱང་གནང་བ་ཡིན་ནོ། །གཞན་ཡང་མལ་ལོས་བྲག་སྟེང་པ་ལས་གཞན་པའི་བླ་མ་གཞན་ལ་ཡང་ཆོས་སྐྱོང་འདིའི་སྐོར་གསན་པའི་ཚུལ་ནི། སློབ་དཔོན་སྤྱན་ཆེན་པོར་གྲགས་པ་འཁྲུངས་ཡུལ་རྒྱ་གར་བ་ཡིན་པ་ལ་དུར་ཁྲོད་བསིལ་བའི་ཚལ་དུ་སྒྲུབ་པ་མཛད་པས། ཀྱཻ་རྡོ་རྗེ་དང་བདེ་མཆོག་གི་ཞལ་བསྟན། ལྷག་པར་མགོན་པོ་ཉིད་དངོས་སུ་བྱོན་ནས་མདོས་ཀྱི་བསྐང་བཟློག་དང་། གཞན་ཡང་ཞལ་གྱི་གདམས་པ་ལྔ་བཅུ་རྩ་བདུན་ཙམ་གནང་བར་གྲགས། སྤྱན་ཆེན་པོ་དེ་ཉིད་ཀྱི་དྲུང་དུ་ཡང་མལ་ལོས་བོད་ནས་བྱོན་ཏེ་མདོས་བསྐང་སོགས་དེ་དག་ཐམས་ཅད་ཞུས། མདོས་བསྐང་ནི་ད་ལྟ་མེ་འབར་མའི་ནང་དུ་བཞུགས་པ་འདི་ཡིན། འོན་ཀྱང་ཡི་གེར་བཀོད་པ་ནི་མལ་ལོའི་ཡང་རྗེས་ཙམ་དུ་བྱུང་བ་འདྲ། ཞལ་