R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༧བ
[A:༡༠༧བ] རྐང་མགྱོགས། སྐྱེ་བ་བརྟག་པ་སོགས་ཆེས་ཟབ་པའི་གདམས་པ་མང་པོ་དང་། བྱེ་བྲག་ཏུ་ནག་པོ་ཆེན་པོ་འདི་ཉིད་ཀྱི་རྗེས་གནང་མན་ངག་མཐའ་དག་ཡོངས་སུ་རྫོགས་པ། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང་བཅས་པ་གནང་བས་འདི་ཉིད་ཀྱི་བཀའ་བབ་ཆོས་སྐྱོང་གི་ཞལ་མངོན་སུམ་དུ་གཟིགས་ཤིང་། གང་བསྒོ་བ་དེ་ཐོགས་མེད་དུ་འགྲུབ་པས་མཐུ་སྟོབས་ནུས་པ་ཕུལ་དུ་ཕྱིན་པར་གྱུར། ཆོས་སྐྱོང་གི་འཆམ་སྐུ་ཡང་དེར་རྒྱུན་རིང་དུ་བཞུགས་པས། དིང་སང་ཀྱང་མངའ་རིས་བྲག་སྟེང་ན་འཆམ་སྐུ་བཞུགས་དུས་ཀྱི་ཁྲི་སྟེགས་ལ་སོགས་པའང་ཡོད་སྐད། བླ་མ་བྲག་སྟེང་པས་ཆོས་སྐྱོང་འདིའི་ཆོས་སྐོར་རྣམས་བླ་མ་མལ་ལོ་ཙཱ་བ་དང་། འབྲོ་ཇོ་སྲས་ཞང་དགེ་གཉིས་ལ་གནང་སྟེ། ཇོ་སྲས་ལ་ནི་རྐང་མགྱོགས་ལ་སོགས་པ་དུ་མ་ཡང་གནང་གསུངས་སོ། །ཁ་ཅིག་བླ་མ་བྲག་སྟེང་པ་དང་། གུ་རུབ་རིན་ཆེན་བསོད་ནམས་གཉིས་མི་གཅིག་པར་འདོད་པ་ཡོད་ཀྱང་། དེ་