R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༦བ
[A:༡༠༦བ] མཁན་པོ་བོ་དྷི་ས་ཏྭ། སློབ་དཔོན་བི་མ་ལ་མི་ཏྲ། རྒྱ་ནག་གི་ཧ་ཤང་མཧཱ་ཡ་ན། བློན་པོ་བྲན་ག་དཔལ་སེང་ལ་སོགས་པ་བཀའ་བགྲོས་ཏེ། མ་འོངས་པ་ན་བསྟན་པ་བསྲུང་བའི་མཚོན་ཆར་བསེ་སྒྲོམ་སྨུག་པོའི་ནང་དུ་བཅུག་ནས་སྨོན་ལམ་བཀའ་རྒྱ་དང་བཅས་པ་བསམ་ཡས་ཀྱི་ཀ་བའི་འོག་ཏུ་གཏེར་དུ་སྦས། པུ་ཏྲ་མིང་སྲིང་བསམ་ཡས་ཀྱི་སྐོར་སྲུང་དུ་བསྐོས་པས། དུས་ཕྱིས་ལས་འཕྲོ་དང་སྐལ་བར་ལྡན་པ་བཀའ་རྟགས་འཛིན་པའི་རྒྱལ་རིགས་སུ་སྐུ་འཁྲུངས་པ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཁྲོ་བོའི་དོན་དུ་དབུས་གཙང་ན་མར་གསེར་སློང་ལ་བྱོན་པའི་དུས། གཏེར་གྱི་ཁ་བྱང་ཕྱག་ཏུ་བྱུང་བས། དཀོན་མཆོག་དང་སྲུང་མ་ལ་མཆོད་གཏོར་ཆེན་པོ་ཕུལ་ཞིང་གསོལ་བ་བཏབ་ནས་བཙལ་བས། པུ་ཏྲའི་སྒྲུབ་ཐབས་ཀ་ཁོལ་མར་གྲགས་པ་འདི་གཏེར་ནས་ཐོན། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ལ་གཟིགས་ཕུལ་བས་མཉེས་ནས་གཞན་ལ་མི་སྤེལ་བར་གདམས། ཕྱིས་དྷརྨཱ་པཱ་ལ་ལ་ཞུས་པ་དང་མཐུན་