R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༤ན
[A:༡༠༤ན]དགོས་པ་ནི་ནམ་ཡང་མ་ཡིན་པས་དཔྱོད་ལྡན་གཟུར་གནས་རྣམས་ཀྱིས་དེ་བཞིན་དུ་དགོངས་པར་མཛོད་ཅིག འཆམ་མགོན་འདི་ཉིད་ཀྱི་ཞལ་འབག་གི་སྐུ་རྒྱུ་ནི་བསེ་དངོས་ཉིད་ཡིན་པ་དོན་ལ་གནས་ཏེ། དུས་ཕྱིས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱི་སྐུ་རིང་ལ། སྟོད་ཧོར་གྱི་དམག་གིས་འགྲོ་བ་རྣམས་ཉེན་པའི་ཚེ། སྒོ་རུམ་ཡེ་ཤེས་མགོན་པོ་འདིའི་དྲུང་དུ་ཧོར་བཟློག་ལ་དམིགས་པའི་ལས་སྦྱོར་ཆེར་གཏད་མཛད་དུས་ཉིད་ཀྱི་རྒྱུན་བཞེས་ཀྱི་དབུ་ཞྭས་བསེ་མགོན་གྱི་ཞལ་རྡུལ་ཕྱི་བར་མཛད་པ་ན། ཞལ་འགྲམ་ནས་རྩི་ཚོན་གོག་པ་ལྟ་བུའི་དུམ་བུ་ཅུང་ཟད་གཅིག་བྱོན་བྱུང་པ། དྲི་བཟང་གི་ཆུ་ལ་སྦྱངས་ཏེ་གཟིགས་པས། མིའི་པགས་མོ་ལས་བྱས་པའི་བསེ་སྲབ་བརྩེགས་ཀྱི་དུམ་བུ་ཞིག་ཡིན་འདུག་པས། སླར་ཞལ་འབག་ཉིད་ལ་སྦྱོར་བར་མཛད་ཅེས་སྔགས་འཆང་ཉིད་ཀྱི་གསུང་རྒྱུན་ལས་འབྱུང་བ་བཞིན། བདག་