R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༤བ
[A:༡༠༤བ]གི་བླ་མ་འཇམ་པའི་དབྱངས་སྐུ་མཆེད་ཀྱི་གསུང་ལས་ཡང་ཡང་དུ་ཐོས་པས། དེས་ན་གོང་དུ་དྲངས་པའི་རྗེ་ཚར་ཆེན་གྱི་དྲི་བའི་གསུང་ལས། དབུ་རྒྱན་སོགས་ཀྱི་རྒྱུ་དར་འདམ་གྱི་དབྱིབས་ཅན་དུ་ཡོད་པས། སྐུ་རྒྱུ་བྱིན་ཡང་དེ་དང་འདྲ་བ་ཞིག་ཡིན་ནོ་སྙམ་དུ་དགོངས་པ་ནི། བརྟག་པ་མ་མཛད་པར། འོལ་སྤྱོད་མཛད་པ་ལ་ཐུགས་རིང་བ་ལྟ་བུའི་མཁས་པའི་ཞལ་སྒོ་ནས་འབྱུང་བར་འོས་པའི་ལེགས་བཤད་ཀྱི་གཏམ་མ་ཡིན་ནོ། །དེ་ལྟ་བུའི་ཆོས་སྐྱོང་འདི་ཉིད་བོད་དུ་སྤྱན་དྲངས་པ་ཙམ་གྱིས་ལྷ་འདྲེ་ནུས་པ་ཅན་རྣམས་དང་བོན་པོ་ནུས་པ་ཅན་ཡོད་པ་རྣམས་ཀྱང་ནུས་པ་ཆུང་དུ་སོང་ཟེར། ལན་གཅིག་བོན་པོ་དང་འགྲས་ཏེ། ལོ་ཆེན་གྱིས་པུ་ཏྲ་ལ་ལས་བཅོལ་བས་འགྲོར་མ་བཏུབ་ཅིང་ལོག་ལ་ཁད་བྱུང་པ་ལ། སྔགས་རྣམས་ཞང་ཞུང་གི་སྐད་དུ་བསྒྱུར་ཏེ་ལས་སྦྱོར་བྱས་པས་ལས་དེ་འགྲུབ་པར་བྱུང་། དེ་ཕྱིན་ཆད་བོད་རྦད་བསད་གསུམ་ཞང་ཞུང་གི་སྐད་དུ་ཡོད་པ་ཡིན་གསུངས། དུས་ཕྱིས་སློབ་དཔོན་པདྨས་