R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༣བ
[A:༡༠༣བ]པ་གཅིག་ཏུ་ན་བསེ་ལས་བྱས་པའི་སྐུ་འབག་སོགས་ཆོས་སྐྱོང་གི་རྟེན་རྣམས་ལ་རྒྱལ་བ་ཉིད་ཀྱིས་རབ་གནས་དང་བཀའ་བསྒོ་མཛད་ནས་དེ་ནས་རིམ་བཞིན་རྡོ་རྗེ་གདན་གྱི་བྱང་སྒོའི་མགོན་ཁང་དུ་བཞུགས་པ་ལ་ལོ་མང་ཆེས་པ་དང་། བར་སྐབས་སུ་དུ་རུ་ཀའི་དམག་གིས་རྡོ་རྗེ་གདན་ལ་གནོད་པ་བྱུང་དུས། གཙུག་ལག་ཁང་སོགས་ཅུང་ཟད་ཉམས་ཆག་ཏུ་གྱུར་པ་ན། སླར་དུས་མི་རིང་བར་རྒྱལ་པོ་སྡིག་ཅན། ཆོས་སྐྱོང་གིས་དངོས་སུ་བསྒྲལ་བའི་ཚེ། དེར་བཞུགས་ཀྱི་པཎ་ཆེན་རྣམས་ཀྱིས་རྟེན་གསུམ་སོགས་ལ་ཉམས་གསོ་དང་། ཆོས་སྐྱོང་ལ་གཏང་རག་རྒྱས་པར་ཕུལ་བའི་ཚེ། དེ་སྐབས་ཀྱི་སྐྱེ་བོ་རྣམས་ཀྱིས་བསེ་མགོན་ཉིད་གསར་བཞེངས་སུ་མཛད་པ་ལྟ་བུའི་སྙན་གྲགས་ཀྱི་གཏམ་ཕྱོགས་ཀུན་ཏུ་གྲགས་པ་དེ་ཉིད་ཀྱི་ངག་རྒྱུན་འཇགས་པ་མ་ཡིན་པའི་ངེས་པ་ཡང་མི་སྣང་བས། དེས་ན་ཕྱོགས་གཅིག་ཁོ་ན་འཐད་པར་བཟུང་ནས་ཅིག་ཤོས་ནི་མ་དག་གོ་ཞེས་པའི་འཐེན་སྐད་སྒྲོག་