R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༢ན
[A:༡༠༢ན]རླབས་སོགས་ཁྱད་མེད་དོ། །སྐུ་འདི་ལ་བལྟ་བས་ཆོག་མི་ཤེས་ཏེ། བཀྲེས་པ་དང་སྐོམ་པ་བརྗེད་བརྗེད་དུ་བལྟ་བ་དང་། བལྟས་ཏེ་ཕྱིན་འགྲོ་བ་ན་རྒྱབ་སྟོན་མི་ཕོད་པ་དང་། ཕྱི་རོལ་པའི་རྟེན་བཟང་ཡང་ནང་པས་ཕྱག་མི་བྱེད་པའི་དམ་བཅའ་བྱེད། ཕྱི་རོལ་པས་སངས་རྒྱས་ཀྱི་སྐུ་གཟུགས་ལ་ཕྱག་མི་བྱེད་པའི་དམ་བཅས་ཀྱང་འདི་ལ་ཕྱག་བྱེད། ལག་པ་ལྕགས་ཀྱིས་བཀྱིགས་ཀྱང་རང་གྲོལ་བྱས་ནས་ཕྱག་བྱེད་པར་འགྱུར་གྱིས་ཟེར་ནས་རྒན་མོ་ཤི་ནས་གདུང་ཤ་རི་རམ་དུ་གྱུར་ཏོ། །ཁ་ཅིག་གིས་སྒོ་དབྱེ་བ་སྔས་པས་སྐུའི་ཞབས་ཡ་གཅིག་གི་མཐེའུ་ཆུང་མ་ཚར་འདུག་སྟེ་སྒོ་ཕྱེ་མ་ཐག་ལྷ་བཟོ་བ་སྤྲུལ་པ་ཡིན་པས་ནམ་མཁའ་ལ་ཡལ། རྒན་མོ་དེ་དེ་ནུབ་འདས་པའི་རུས་པ་རྣམས་རིང་བསྲེལ་གྱི་ཕུང་པོར་གྱུར་ཏེ། བྲམ་ཟེ་མ་དེ་དཔལ་ལྷ་མོའི་སྤྲུལ་པར་གྲགས་སོ། །རྒྱུ་མཚན་དེས་ན་སངས་རྒྱས་ཞལ་བཞུགས་དུས་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དང་རྟེན་གསུམ་