R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༡བ
[A:༡༠༡བ]རྒྱོབ་ལ་ཟླ་གསུམ་ཞག་གསུམ་ལ་ཚར་བ་གྱིས་ཟེར། ཟླ་བ་གསུམ་དང་ཞག་གཉིས་ནས་མ་ན་རེ། བུ་དོ་ནུབ་ང་འཆི་བས་ཞག་མ་ཐིམ་རུང་སྒོ་ཕྱེས་ཤིག ངས་སྟོན་པ་དངོས་འདྲ་མི་འདྲ་བལྟ་ཡིས། ད་ལྟ་ང་མིན་པ་སྟོན་པའི་ཞལ་མཐོང་བ་མེད་པས་ཕྱིས་ཤན་མི་ཕྱེད་དོ། །ཞེས་ཟེར་བས་སྒོ་ཕྱེ་བ་དང་སྤྲུལ་པའི་བཟོ་བོ་མི་སྣང་བར་གྱུར། དེ་ནས་རྒན་མོས་བལྟས་ནས་ཕྱིར་བྱུང་པ་དང་། དེ་བཞིན་གཤེགས་པ་དངོས་འདྲ་འམ་མི་འདྲ་དྲིས་པས། འདི་སངས་རྒྱས་དགུང་ལོ་སུམ་ཅུ་རྩ་ལྔ་པའི་ཚད་དང་མཉམ་སྟེ་ཤིན་ཏུ་ལེགས། འོན་ཀྱང་ཁྱད་པར་བདུན་གྱི་དངོས་མི་འདྲ། སངས་རྒྱས་ལ་འོད་འདོམ་གང་ཡོད། སྤྱི་གཙུག་ལྟ་བས་མི་མངོན། དབུ་སྐྲ་འཁྱིལ་པར་གནས། སྨིན་མཚམས་མཛོད་སྤུ་མངའ། གསུང་གིས་ཆོས་གསུངས། སྐུ་ལ་ན་བཟའ་གསོལ་བ་སོར་བཞིས་མི་རེག སྤྱོད་ལམ་རྣམ་པ་བཞིས་སེམས་ཅན་གྱི་དོན་མཛད་པ་སྟེ་སྐུ་འདི་ལ་མི་སྣང་། གཞན་བྱིན་