R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༡ན
[A:༡༠༡ན]བྱང་ཆུབ་ཀྱི་ཤིང་ལ་མེ་ཏོག་ར་བས་བསྐོར་ནས་མཆོད་པ་མཛད་དེ་དུས་མཆོད་ཆེན་པོ་བཙུགས་པར་བཤད་ཅིང་། ཐུབ་དབང་འདས་ནས་ལོ་ཉིས་བརྒྱ་དགུ་བཅུ་ན། མ་ག་དྷའི་ཁྱིམ་བདག་མཧཱ་པ་ལ་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཅིག་ལ་བུ་གསུམ་བྱུང་བའི་ཆེ་བ་གཉིས་ཕྱི་པ་དང་། ཆུང་བ་ནང་པ་ལ་དད་པས་འཐབས་སོ། །མས་རྐང་མགྱོགས་བྱིན་ཏེ་ཏི་སེའི་གངས་ཅན་དུ་བཏང་པ་ན། ཚེས་བཅོ་ལྔ་ལ་མཧཱ་དེ་ཝ་ཨུ་མ་དང་བཅས་པས་དགྲ་བཅོམ་པ་རྣམས་ལ་ཆོས་སྟོན་འདྲེན་པ་དང་འཛོམས། སུ་བཟང་དྲིས་པས་ནང་པ་ལ་བརྟེན་ནས་ང་ཡང་མཐར་ཐུག་སངས་རྒྱ་བར་འདོད་ཟེར་བས་བུ་གསུམ་ནང་པ་ལ་ཞུགས། ཆེ་བས་ཝ་ར་ཎ་སིར་ལྷ་ཁང་དང་། བར་པས་ཛེ་ཏའི་ཚལ་དུ་ལྷ་ཁང་བརྩིགས། ཆུང་བས་རྡོ་རྗེ་གདན་དུ་ཕྱི་གནྡྷོ་ལ་ལ་ནང་དུ་ལྷ་ཁང་བྱས་ཏེ། མ་ན་རེ། བུ་ཁྱོད་དང་བཟོ་བོ་བརྒྱགས་ཆུ་གསུམ་ནང་དུ་ཆུག་ལ་སྒོ་ལ་ལྕགས་གཟེར་