R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༠བ
[A:༡༠༠བ]འབར་བ་ལྟར་གྱུར་པ་ཀུན་གྱིས་མངོན་སུམ་དུ་མཐོང་བ་བྱུང་ངོ་ཞེས་གྲགས་ཤིང་། ཡང་དཔེ་རྙིང་འགའ་ཞིག་ལས་འཆམ་སྐུ་ཉིད་བཞེངས་གྲུབ་མ་ཐག་ཆོས་སྐྱོང་ཉིད་དངོས་སུ་ཐིམ་པ་ཡིན་ནོ། །ཞེས་ཀྱང་འབྱུང་ལ། དེ་ལྟར་སྐུ་རྒྱུའི་ཆ་ནས་བསེ་འབག སྐུ་མདོག་གི་ཆ་ནས་ནག་པོ། བོད་དུ་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ལ་གཞན་གྱིས་མ་བསྐུལ་བཞིན་དུ་རང་ཉིད་ཀྱིས་འཕུར་ནས་བྱོན་པས་འཕུར་ཤེས་སུ་གྲགས་པ་ཡིན་ནོ། །དེས་ན་ལ་ལ་དག་ཆོས་སྐྱོང་གི་རྟེན་རྣམས་དང་། དེ་དག་གི་བཞུགས་གནས་རྡོ་རྗེ་གདན་གྱི་མགོན་ཁང་དང་བཅས་པ་ལ་སངས་རྒྱས་ཉིད་ཀྱིས་རབ་གནས་མཛད་དོ། །ཞེས་སྨྲ་བ་ནི་ཅུང་ཟད་མ་བརྟགས་པ་སྟེ། རྡོ་རྗེ་གདན་གྱི་གཙུག་ལག་ཁང་དང་རྟེན་གསུམ་རྣམས་ནི་སྟོན་པ་འདས་ནས་ལོ་གྲངས་དུ་མ་ཞིག་འདས་པའི་རྗེས་སུ་བྱུང་བ་ཡིན་ཏེ། དེ་ཡང་རྒྱལ་བ་འདས་ནས་ལོ་ཉི་ཤུ་ཙམ་ལ་རྒྱལ་པོ་ཤྲཱི་སིངྷས་རྡོ་རྗེ་གདན་དུ་