R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༠ན
[A:༡༠༠ན]ནས་བསྒྲལ་བའི་དུས་ལ་བབ་པར་གྱུར་པས། རྡོ་རྗེ་ནག་པོ་ཆེན་པོས་དངོས་སུ་བསྒྲལ་ཏེ། ཁོའི་རྣམ་སྨིན་གྱི་ཕུང་པོ་པཎྜི་ཏ་རྣམས་ཀྱི་གདོང་དུ་བསྐྱུར་ནས། དམ་ཉམས་འདིའི་པགས་པ་བཤུས་ལ་ངའི་འདྲ་འབག་ཅིག་བཞེངས་ཤིག ང་རང་དངོས་དང་ཁྱད་པར་མེད་པ་ཞིག་འབྱུང་ངོ་། །ཞེས་ལུང་བསྟན་ནས་པཎྜི་ཏ་ཐོ་བཙུན་གྲུབ་རྗེ་དང་། སློབ་དཔོན་བདེ་བྱེད་བདག་པོ་སོགས་པཎ་གྲུབ་མང་པོས་ཕྱག་བཟོ་མཛད་དེ། སྡིག་ཅན་གྱི་རྒྱལ་པོ་དེའི་པགས་པ་ལ་བསེ་བྱས་ཏེ། དེ་ལ་ཞལ་འབག་སྐུ་སྟོད་དེ་དང་བཅས་པ་དང་། ཤ་རུས་ལྷག་མ་རྣམས་ཀྱིས་ཕྱག་དང་ཕྱག་མཚན། མི་མགོའི་དོ་ཤལ་སོགས་སྐུའི་རྒྱན་དང་། ཆ་ཤས་གཞན་རྣམས་ཀྱིས་སྐུ་རྒྱུ་མཛད་ནས་ལེགས་པར་བཞེངས་ཏེ། བཟོའི་བྱ་བ་ཀུན་མཐར་ཕྱིན་པ་ན། ནམ་མཁའ་ནས་མེ་ཏོག་སྔོན་པོ་ཡིད་དུ་འོང་བ་ཞིག་བབས་པ་སྐུ་ལ་ཐིམ་མ་ཐག འཆམ་སྐུ་ཉིད་སྐུ་མདོག་མཐིང་ནག་ལ་འོད་དང་འོད་ཟེར་མེ་ཕུང་