R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༩བ
[A:༩༩བ]གནས་གཞན་དུ་བྲོས་པའི་ཚེ། ཡེ་ཤེས་ཀྱི་མགོན་པོ་ཡང་གཎྜེ་ཕྲག་པ་ལ་བཀལ་ནས་བྲོས་པའི་རྣམ་འགྱུར་བསྟན་པ་ན། པཎྜི་ཏ་རྣམས་ཀྱིས་མགོན་པོ་ལ་ཁྱོད་རྡོ་རྗེ་འཆང་གིས་བཀའ་བསྒོས་ཤིང་། བསྟན་འཛིན་རྣམས་ཀྱིས་རྒྱུན་དུ་མཆོད་གཏོར་ཕུལ་བའི་དགོས་པ་བསྟན་པ་དང་བསྟན་འཛིན་ལ་གནོད་པའི་གདུག་པ་ཅན་སྒྲོལ་དགོས་རྒྱུ་ལ། ངེད་དང་མཉམ་དུ་བྲོས་པས་དམ་བཅའ་ལས་མི་འགལ་ལམ་ཞེས་ཞེ་ཁྲེལ་བཏབ་པས། མགོན་པོས་ཁྱོད་རྣམས་བདེན་མོད། འོན་ཀྱང་དུ་རུ་ཀའི་རྒྱལ་པོ་འདིས་གཤིན་རྗེ་ལ་བསྙེན་པ་འབུམ་ཕྲག་དགུ་སོང་བའི་བསོད་ནམས་ཀྱིས། ད་ལྟ་བསྒྲལ་བའི་དུས་ལ་མ་བབས། དུས་ལ་བབས་དུས་བསྒྲལ་ནས་ཁྱེད་རྣམས་དགྱེས་པར་བྱ་ཡི་གསུངས། དེ་ནས་ཡུན་མི་རིང་བ་ཞིག་ན་དུ་རུ་ཀའི་རྒྱལ་པོས། རྡོ་རྗེ་གདན་གྱི་གཙུག་ལག་ཁང་གི་ཐུབ་པའི་སྐུ་རྒྱུ་གང་ཡིན་བལྟ་ཟེར་ནས་གཟོང་བརྒྱབ་པས། ཁོའི་བསོད་ནམས་རྡུལ་ཕྱིས་པ་ལྟར་སོང་