R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༨ན
[A:༩༨ན]ནུས་པས་དེ་དག་བོད་དུ་སྤྱན་དྲངས་ཏེ་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པ་ཡིན་ནོ། །དེ་ལྟ་བུའི་བསེ་མགོན་ཡིད་བཞིན་གྱི་ནོར་བུ་འདི་ཉིད་སངས་རྒྱས་ཞལ་བཞུགས་དུས་བྱོན་པ་དང་། དེའི་རྗེས་སུ་བྱུང་བའི་སྙན་བརྒྱུད་ཀྱི་ལོ་རྒྱུས་མི་འདྲ་བ་གཉིས་སྣང་བ་ལས། ལུགས་སྔ་མ་བཞེད་པའི་བླ་མ་གོང་མ་རྣམས་ཀྱི་གསུང་རབ་ལས་འདི་ལྟར་འབྱུང་སྟེ། འཆམ་སྐུ་འདི་ཉིད་ཁ་ཅིག་སློབ་དཔོན་བདེ་བྱེད་བདག་པོ་དང་། ཐོ་བཙུན་གྲུབ་རྗེ་གཉིས་ཀྱི་ཕྱག་བཟོར་འདོད་ཀྱང་། རྗེ་རྩེ་མོའི་གསུང་བགྲོས་རྒྱལ་ཚ་ལུང་མང་པོས་ཁ་བསྐངས་པའི་ལོ་རྒྱུས་ཀྱི་ཡི་གེར། ཐུབ་པས་བསེ་ལས་བྱས་པའི་འཆམ་སྐུ། སྐུ་གསུང་ཐུགས་ཀྱི་རྟེན་མགོན་ཁང་དང་བཅས་པ་ལ་རབ་ཏུ་གནས་པ་མཛད། ཅེས་དང་། སངས་རྒྱས་ཀྱིས་མཛད་པའི་ཆོས་སྐྱོང་གི་འཆམ་སྐུའི་དྲུང་དུ་ཆོས་སྐྱོང་འདིའི་མན་ངག་གནང་ཞེས་ནན་ཏན་དུ་གསུངས་པས། ཐུབ་པའི་དབང་