R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༨བ
[A:༩༨བ]པོ་ཉིད་ཀྱི་ཕྱག་ནས་དངོས་སུ་བཞུགས་པ་ཉིད་ཚད་མར་གྱུར་པ་ཡིན་ནོ། །འདི་ཉིད་ཀྱི་སྐུ་རྒྱུའི་རྣམ་པ་ཤོག་འདག་འདྲ་བར་སྣང་ཡང་། བསེ་འབག་ཅེས་མཚན་འདོགས་པ་ནི། མངའ་རིས་སྟོད་དུ་ཡུན་རིང་དུ་བཞུགས་པས། དེའི་ཚེ་ཞང་ཞུང་གི་སྐད་ལ་ཤིན་ཏུ་དམ་ཞིང་སྲ་བའི་དངོས་པོ་ཞིག་ལ་བསེ་ཡི་ཐ་སྙད་དུ་འདོགས་པས་ན་བསེ་འབག་ཏུ་གྲགས་པ་ཡིན་གྱི། སྐུ་རྒྱུ་བསེ་ལས་བྱས་པས་ནི་མ་ཡིན་ནོ། །ཞེས་གསུངས་ཤིང་། དོན་འདི་དང་མཐུན་པར་རྗེ་ཚར་ཆེན་གྱིས་མགོན་པོའི་ཆོས་སྐོར་དྲི་བ་ལྷག་བསམ་རབ་དཀར་ལས། ལོ་ཆེན་གྱིས་དྲངས་བསེ་འབག་འཕུར་ཤེས་ཀྱི། །དབུ་རྒྱན་ལ་སོགས་ཆག་མཚམས་ལ་བརྟགས་པས། །དར་འདམ་དབྱིབས་ཅན་དངོས་སུ་སྣང་བ་ལ། །བསེ་འབག་ཅེས་བྱའི་ཐ་སྙད་གང་ལ་བཏགས། །ཐོ་བཙུན་གྲུབ་དང་བདེ་བྱེད་བདག་པོ་ཡིས། །བཟོ་རིག་ཕྱག་ཚད་དག་ཏུ་བཞེངས་ཞེས་དང་། །སངས་རྒྱས་དངོས་ཀྱི་རབ་གནས་བཞུགས་ཞེས་པ།