R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༧བ
[A:༩༧བ]པ་མི་ཕམ་མར་གྲགས་པ་དེ་ལྟ་བུའི་དབྱངས་མ་བུ་གཉིས་མཛད་པས་ཉིན་ཞག་གཅིག་ན་ལྷ་མོའང་ཞལ་གཟིགས། དེ་ནས་བླ་མས་བཀའ་བསྒོ་རྗེས་གནང་མཛད། མན་ངག་རྣམས་གནང་སྟེ་བོད་དུ་བྱོན་པའི་ཚེ་ཉིན་གཅིག་ཙམ་ཕེབས་པའི་སར། འཆམ་སྐུ་འཕུར་ཏེ་ཕྱིར་ལ་བྱོན་བྱུང་བས། སླར་ལོག་ནས་བླ་མ་ལ་ཞུས་པས་མི་སྐྱོན། བོད་དུ་བསྟན་པ་དར་རྒྱས་འོང་བའི་ལྟས་ཡིན་འཕགས་པའི་ཐུགས་རྗེ་སོ་སོ་སྐྱེ་བོས་དགག་པར་དཀའ་ཞེས་གསུངས་ནས། སྐུའི་རྟེན་དུ་སངས་རྒྱས་ཉིད་ཀྱི་ཕྱག་ནས་བཞུགས་པའི་བསེ་འབག་ནག་པོ་དེ་ཉིད་དང་། གསུང་གི་རྟེན་དུ་ལ་ཊིའི་གོས་ལ་བཻ་ཌཱུརྻའི་རྩ་སྔགས་སྙིང་པོ་བཞི་ལས་ཁ་ཚར་བའི་སྔགས་དང་བཅས་པ་མ་རེག་པར་འོད་འཕྲོ་བ། ཐུགས་ཀྱི་རྟེན་དུ་གྲི་ལྕགས་ལས་གྲུབ་པའི་རྡོ་རྗེ་རྩེ་དགུ་པ། ཡོན་ཏན་འཕྲིན་ལས་ཀྱི་རྟེན་དུ་བསེའི་གའུ་སྙིང་འདྲ་བའི་ནང་ན་སྒྲུབ་ཐབས་དང་ལས་སྦྱོར་གྱི་མན་ངག་རང་གང་འདོད་ཀྱི་ཡི་གེར་འོང་བ་རྣམས་ཚང་བར་གནང་། ཆོས་སྐྱོང་གི་