R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༦བ
[A:༩༦བ]ཁང་དུ་ལོག་ནས་སྟག་རོ་ཟ་བའི་ངར་སྐད་ལ་དཔེ་བྱས་ཏེ། སྲིན་གཟུགས་མ་ལ་སྟག་མོའི་ངུར་དབྱངས་མཛད་ནས་བསྟོད་པས་ཞག་གསུམ་གྱི་སྲོད་ལ་འཇིག་རྟེན་གྱི་ཁམས་གང་བའི་ནག་པོ་ཆེན་པོའི་སྐུ་མིའུ་ཐུང་གེལ་པའི་འདུག་སྟངས་ཅན་གྲི་ཐོད་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཎྜེ་ཕྱག་གི་དབུས་ན་བསྣམས་པ་ཞིག་ཞལ་གཟིགས་པས། རེ་ཞིག་ཐུགས་དྲན་མེད་དུ་བརྒྱལ། བརྒྱལ་བ་དེ་སངས་པ་དང་གཟིགས་ཙ་ན། དེའི་སྐུ་ལས་ཀྱཻ་རྡོ་རྗེ་དང་འཁོར་ལོ་བདེ་མཆོག་ལ་སོགས་པའི་ཡི་དམ་བསམ་གྱིས་མི་ཁྱབ་པ་འཕྲོས། བདག་གི་ལུས་ལ་ཐིམ་སྙམ་བྱེད་པ་ན། དགའ་བདེའི་ཏིང་ངེ་འཛིན་གྱི་སྒོ་དུ་མ་ཐུགས་རྒྱུད་ལ་འཁྲུངས་ཏེ་ཞག་གསུམ་གྱི་ཉི་མ་སྔ་དྲོ་ཚུན་ཏིང་ངེ་འཛིན་གཅིག་གི་ངང་ལ་གནས་པར་གྱུར། དེ་ལས་སད་པ་ནའང་མཧཱ་ཀཱ་ལ་ཉིད་དེ་ཀར་སྣང་སྟེ། ནག་པོ་ཆེན་པོའི་ཞལ་ནས་གདམ་ངག་རྗེས་སུ་ནོད་ཅིག བོད་དུ་བསྟན་པ་བསྲུང་བ་ལ་བདག་