R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༦ན
[A:༩༦ན]མགོན་ཁང་དུ་ཚོགས་ཀྱི་འཁོར་ལོ་ཤོམས་ལ། ཧཱུྃ་སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཞེས་སོགས་བསྟོད་པ་ཤླཽ་ཀ་གསུམ་པོས་བསྐྱར་གྱིན་བསྟོད་ལ་ལྟས་རྟོགས་ཤིག དེ་ནས་ལྟས་ཁྱད་པར་ཅན་བྱུང་བ་དང་མན་ངག་སྦྱིན་གྱིས་གསུངས། ལོ་ཙཱ་བས་དེ་ལྟར་མཛད་པས་ལྟས་གཅིག་ཀྱང་མ་བྱུང་། སླར་བླ་མ་ལ་ཞུས་པས་བསྟོད་པ་དེ་སྙན་པའི་ངག་གི་གླུར་ལོངས་ལ་བསྟོད་ཅིག་གསུངས། དེ་ལྟར་བྱས་པས་ཞག་བདུན་གྱི་ཐོ་རངས་གཟིམ་ལམ་དུ་མི་ནག་པོ་གཅིག་བྱུང་ནས། ཁྱོད་ལྷོ་ནུབ་ཀྱི་དུར་ཁྲོད་དུ་སོང་ལ་འཇིགས་པའི་ང་རོའི་སྐད་ལ་དཔེ་གྱིས་ལ་བསྟོད་ཅིག་ཟེར་བ་བྱུང་བས། རྡོ་རྗེ་གདན་གྱི་ལྷོ་ནུབ་ཀྱི་དུར་ཁྲོད་ཅིག་ཏུ་བྱོན་ནས་ཚོགས་འཁོར་བཤམས་ཏེ་གསོལ་བ་བཏབ་པས་ཇི་ཞིག་ཙ་ན་མི་རོ་ཆེན་པོ་གཅིག་ལ་སྟག་གཉིས་བབས་ནས་ངར་གྱིན་ཟ་ཡིན་འདུག་པས། དེ་འཇིགས་པའི་ང་རོར་གོ་ནས། སླར་རྡོ་རྗེ་གདན་གྱི་མགོན་