R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༤བ
[A:༧༤བ]གསུམ་པ་སོགས་འཕགས་ཡུལ་གྱི་པཎ་གྲུབ་དབང་པོ་དུ་མ་ཞིག་གིས་ཞིང་སྐྱོང་ཆེན་པོ་ཙ་ཏུརྨུ་ཁ་འཁོར་དང་བཅས་པ་འདི་རྣམས་ཆོས་སྐྱོང་དུ་བསྟེན་ཅིང་། མན་ངག་གི་ཆོས་སྐོར་རྣམས་ཀྱང་སྣོད་ལྡན་དམ་ཚིག་ཅན་རྣམས་ལ་སྤེལ་བས་རྒྱ་གར་གྱི་ཕྱོགས་ཀུན་ཏུ་ཞིང་སྐྱོང་འདིའི་ཆོས་སྐོར་རྣམས་དར་རྒྱས་སུ་བྱུང་བ་ཡིན་ལ། དེ་བཞིན་དུ་ཨུ་རྒྱན་མཁའ་འགྲོའི་གླིང་གི་ནོར་སྐྱོང་དུར་ཁྲོད་ཀྱི་བདག་པོའི་མན་ངག་གི་ཆོས་ཚུལ་རྣམས་ཀྱང་སློབ་དཔོན་པདྨ་བཛྲ། ར་ཧུ་ལ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དཔལ་དམ་ཚིག་རྡོ་རྗེ། འཆི་མེད་བློ་གྲོས་བཟང་པོ། མཁས་པ་བཻ་རོ་ཙཱ་ན་སོགས་ཀྱིས་འཕགས་ཡུལ་དུ་དར་བར་མཛད་ཅིང་། དཔལ་ལྡན་དཀར་མོ་ཉི་ཟླ་དང་བདུད་རྒྱལ་ཐོད་ཕྲེང་ཅན་དམ་ཅན་བཅུ་གཉིས་དང་བཅས་པའི་ཆོས་སྐོར་རྣམས་ཀྱང་། སློབ་དཔོན་ཆེན་པོ་སློབ་བརྒྱུད་དང་བཅས་པས་རྒྱ་གར་དུ་འཕེལ་རྒྱས་སུ་མཛད་པར་ཁོ་བོ་སེམས་སོ། །བཞི་པ་བོད་ཁ་བ་ཅན་གྱི་