R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༥ན
[A:༧༥ན]ལྗོངས་སུ་དར་ཚུལ་ལ། བསྟན་པ་སྔ་དར་གྱི་དུས་སུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནས་བརྒྱུད་པའི་གུར་མགོན་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ། དེ་ཉིད་སྒྲུབ་ཚུལ་གྱི་མན་ངག་དང་བཅས་པ་བསམ་ཡས་ཀྱི་ཀ་བའི་འོག་དང་། གང་གསར་ཕུག་པོ་ཆེ་སོགས་སུ་གཏེར་དུ་སྦས་པའི་སྒྲུབ་ཐབས་དྲེགས་པ་ཟིལ་གནོན་ལ་སོགས་པ་བཀའ་གཏེར་མང་བར་བྱུང་། དུས་ཕྱིས་བསྟན་པ་ཕྱི་དར་གྱི་དུས་སུ་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་སྤྱན་དྲངས་པ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ནས་བརྒྱུད་པ། བ་རི་ལོ་ཙཱ་བ་ནས་བརྒྱུད་པ། གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་ནས་བརྒྱུད་པ། འགོས་ལོ་ཙཱ་བ་ཁུག་པ་ལྷ་བཙས་ནས་བརྒྱུད་པ། མངའ་བདག་མར་པ་ལྷོ་བྲག་པ་ནས་བརྒྱུད་པ། གྱི་ལྗང་ལོ་ཙཱ་བ་དབུ་དཀར་ནས་བརྒྱུད་པ། པཎྜི་ཏ་ནགས་ཀྱི་རིན་ཆེན་དང་། པཎྜི་ཏ་འཇམ་དཔལ་དབྱངས་ཀྱིས་