R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༤ན
[A:༧༤ན]རིན་ཆེན་གྲགས་པ་ལ། དེས་ཁརྶ་པཱ་ཎིའི་ལྷོ་ཕྱོགས་ཀྱི་རི་སུལ་གྱི་རྣལ་འབྱོར་མ་ཆེན་མོ་ཀུ་ས་ལི་དགེ་བ་ཅན་མ་ཞེས་བྱ་ལ་གནང་ངོ་། །ཁརྶ་པ་ཎིའི་ལྷོ་ཕྱོགས་ཟེར་བའི་རྒྱུ་མཚན་ཡང་། དགེ་བསྙེན་ཞི་བའི་གོ་ཆས། རི་བོ་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ཁརྶ་པ་ཎི་དངོས་སུ་གདན་དྲངས་ནས་དེ་ཝི་ཀོ་ཊ་ན་བཞུགས་ཤིང་། དེའི་ལྷོ་ཕྱོགས་ཀྱི་རི་སུལ་ན་ཡོད་པས་དེ་སྐད་བྱ་བ་ཡིན་ནོ། །དེའི་རི་སུལ་ཞིག་ན་ཤིང་སྡོང་ཆེན་པོ་བྲུས་པའི་ཁོག་སྟོང་གི་ནང་ན། འཇམ་པའི་རྡོ་རྗེའི་རྣལ་འབྱོར་མ་ཆེན་མོ་སྐྲ་སེན་རབ་ཏུ་རིང་ཞིང་། གོས་གདན་ཡང་སྐྲའི་ལ་བ་བྱེད་ཅིང་། དེ་ལ་གཡོག་མོ་རྣལ་འབྱོར་མ་གསུམ་ཡང་ཡོད་སྐད། བླ་མ་ཁ་ཅིག་འདི་ཡུམ་ཆེན་བཞིའི་རྣམ་སྤྲུལ་ཡིན་ཡང་གསུངས། དེ་དག་སློབ་ཚོགས་དང་བཅས་པ་རྣམས་དང་། གཞན་ཡང་བླ་མ་རྡོ་རྗེ་གདན་པ་བསོད་སྙོམས་པ་ཏ་ཐཱ་ག་ཏ་རཀྵི་ཏ། ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་འབུམ་ཕྲག་