R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧༣བ
[A:༧༣བ]བྱ་བ་འདིའི་ཟབ་ཆོས་རྣམས་ནི། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པ། རྒྱལ་བ་ཉིད་ཀྱིས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པ། འཕགས་ཡུལ་གྱི་པཎ་གྲུབ་ཀུན་གྱི་གཙུག་གི་ནོར་བུ། སྟོང་ཉིད་སྨྲ་བའི་སེང་གེ་བློ་གྲོས་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རྡོ་རྗེ་འཆང་ཆེན་པོ་ཉིད་ལ་ལེགས་པར་ནོས་ཏེ། རྒྱུད་ལས་ཕྱུང་བའི་སྒྲུབ་ཐབས་བསྟོད་པ་སོགས་མཛད་ནས། ཀླུ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བའི་སྲུང་མར་གྲགས། དེས་གྲུབ་ཆེན་བ་ལིང་ཏ་པ་དང་། དེས་འཇམ་པའི་རྡོ་རྗེས་མངོན་སུམ་དུ་སྤྲུལ་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཞིང་རྗེས་སུ་བཟུང་བའི་པཎ་གྲུབ་དམ་པ་སངས་རྒྱས་ཡེ་ཤེས་ཞབས་ལ་གནང་། དེ་ཕྱིན་ཆད་འཇམ་པའི་རྡོ་རྗེའི་བཀའ་སྲུང་དུ་གྲགས། དེས་ཉིད་ཀྱི་སློབ་མ་མཆོག་ཐོབ་པ་བཞིའི་ནང་ཚན་མར་མེ་མཛད་བཟང་པོ་ལ། དེས་གྲུབ་ཆེན་དཔལ་བདེ་བའི་ཞབས་ལ། དེས་གྲུབ་ཆེན་བི་མ་ལ་གུཔྟ་ལ། དེས་པཎ་ཆེན་རིན་ཆེན་རྡོ་རྗེ་ལ། དེས་