R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༢བ
[A:༦༢བ]ཕུན་སུམ་ཚོགས་པའི་གནས་ཤིག་ན། བྲམ་ཟེའི་རིགས་དགེ་བའི་བླ་མ་ཞེས་བྱ་བ་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པས་རྒྱུན་དུ་འཚོ་བ། རང་གི་ལྷག་པའི་ལྷ་ཀུ་རུ་ཀུལླེ་ལ་སོགས་པས་གནང་བ་སྦྱིན་པ། རིག་པའི་གནས་དུ་མ་ལ་སྦྱངས་པ་ཞིག་ལོ་བརྒྱད་ཅུ་གྱ་གཉིས་ལོན་པ་ན། བྲམ་ཟེ་རབ་ཏུ་བཟང་མོ་དང་ལྷན་ཅིག་འདུས་པ་ལས། ཁྱེའུ་མཆོག་གི་བློ་གྲོས་ཅན་ཞེས་པ་བཙས་ཏེ། དེ་ཡང་མཚན་དང་ལྡན་ཞིང་དགེ་བའི་ལྟས་དུ་མ་བྱུང་བས། ཡབ་ཀྱིས་དགྱེས་བཞིན་དུ་རང་གི་མན་ངག་ཕལ་ཆེར་གནང་། ལྷ་མོ་ཀུ་རུ་ཀུལླེ་ལ་སོགས་པའི་ཞལ་ཡང་གཟིགས། དེ་ནས་ཨུ་ཊྚན་ནའི་གཙུག་ལག་ཁང་གི་མཁན་པོ་ལ་རབ་ཏུ་བྱུང་སྟེ། རིག་པའི་གནས་ལྔ་ལ་སྦྱངས་ཏེ་མཁས་པའི་མཆོག་ཏུ་གྱུར་པས། མུ་སྟེགས་ཀྱི་རྩོད་པ་ལན་གཉིས་ཀྱི་བར་དུ་བཟློགས་ཏེ། བསྟན་པ་ལ་ཕན་བཏགས་ཤིང་ཕྱོགས་ཐམས་ཅད་དུ་གྲགས་པས་ཁྱབ་པར་གྱུར་ཏོ། །དེ་ནས་མཁན་པོ་འདས་པ་དང་ཀུན་གྱིས་གསོལ་བ་