R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༣ན
[A:༦༣ན]བཏབ་སྟེ་གདན་ས་མཛད། དུས་ཇི་ཞིག་ན་སློབ་དཔོན་ནག་པོ་པ་དང་མཇལ་ཏེ། ཀྱེ་རྡོ་རྗེ་དང་། བདེ་མཆོག་ལ་སོགས་པའི་དབང་ཞུས། དེ་གཉིས་དང་འབྲེལ་བའི་རྒྱུད་མན་ངག་དུ་མའང་གསན། ཡང་སློབ་དཔོན་མཚོ་སྐྱེས་ཀྱི་སློབ་མ་མཁའ་འགྲོའི་དབང་པོ་རྡོ་རྗེ་ཞེས་བྱ་བའི་གྲུབ་ཐོབ་ལའང་བདེ་དགྱེས་ལ་སོགས་པའི་དབང་རྒྱུད་མན་ངག་དུ་མ་གསན། དེ་ནས་དུར་ཁྲོད་བསིལ་བའི་ཚལ་དང་ཉེ་བར་སྒྲུབ་པ་ལོ་བཅུ་གཉིས་མཛད། དེའི་ཚེ་བར་ཆད་ཀྱི་ལྟས་དུ་མ་བྱུང་བས། སླར་སློབ་དཔོན་ནག་པོ་པ་ལ་ཞུས་པས། རྡོ་རྗེ་གདན་གྱི་བྱང་སྒོའི་མགོན་ཁང་དུ་ཁྲིད་དེ། ཚོགས་ཀྱི་འཁོར་ལོ་ཤོམས་གསུངས་ནས། ད་ལྟ་ས་སྐྱར་བཞུགས་པའི་ཆོས་སྐྱོང་གི་འཆམ་སྐུ་བསེ་མགོན་ཆེན་པོའི་དྲུང་དུ་ཆོས་སྐྱོང་འདིའི་མན་ངག གུར་རིགས་བསྡུས་ཀྱི་དབང་། གུར་དང་རྡོ་རྗེ་གདན་བཞིའི་བཤད་པ་རྣམས་གནང་། དེའང་ཐོག་མར་དབང་དང་རྒྱུད། དེ་ནས་དེའི་བཀའ་སྲུང་