R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༢ན
[A:༦༢ན]དབྱེར་མེད་ཟུང་འཇུག་ཏུ་བཞུགས་པ་ཡིན་པས། རྒྱུད་ཡིག་རྙིང་པ་རྣམས་ལ་ལར་རིམ་བཞིན་སྨོས་པ་དང་། ཕལ་ཆེར་དུ་རྡོ་རྗེ་འཆང་ཁོ་ན་སྨོས་པ་ནི་དབྱེ་བསྡུའི་ཁྱད་པར་ཙམ་ཡིན་པས་དོན་ལ་འགལ་བ་མེད་པར་ཤེས་པར་བྱའོ། །དེ་ལྟའི་མགོན་པོ་འདིའི་ཆོས་སྐོར་རྣམས་འཕགས་ཡུལ་རྒྱ་གར་དུ་བྱུང་བའི་བརྒྱུད་པའི་རྩ་བ་ལྟ་བུར་གྱུར་པ་ནི། སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད་དུ་གྲགས་པ་འདི་ཡིན་ལ། འདི་ཉིད་བྲམ་ཟེ་ཆེན་པོ་རིན་ཆེན་རྡོ་རྗེ་ཞེས་བྱ་བའི་སྲས་སུ་འདོད་པ་དང་། བྲམ་ཟེ་ཀ་རུ་ཞེས་བྱ་བའི་སྲས་སུ་འདོད་པ་སོགས་ལོ་རྒྱུས་མི་འདྲ་བ་ཅུང་ཟད་བྱུང་ནའང་། འདིར་རྗེ་བཙུན་བསོད་ནམས་རྩེ་མོའི་ཞལ་སྔ་ནས་ཀྱིས་མཛད་པ། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་གིས་གསལ་བར་མཛད་པའི་ཡི་གེ་ལྟར་བཤད་ན། དེའང་རྒྱ་གར་ཤར་ཕྱོགས་ན་ཀཽ་ཏ་རཱ་ནི་ཞེས་བྱ་བའི་གྲོང་ཁྱེར་འབུམ་ཚོ་སུམ་ཅུ་རྩ་གསུམ་ཡོད་པ། རྒྱལ་སྲིད་དེས་པས་སྐྱོང་ཞིང་འབྱོར་པའི་ཡོ་བྱད་