R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦༡བ
[A:༦༡བ]བར་དུ་བསྙེན་བསྒྲུབ་འབད། །སྐབས་སུ་བབ་ཚེ་ལྷག་བསམ་རྣམ་དག་གིས། །ལས་རྣམས་སྒྲུབ་ན་དོན་གཉིས་འགྲུབ་བོ་ཀྱེ།། ༈ །།གསུམ་པ་འཕགས་ཡུལ་རྒྱ་གར་དུ་བཤད་སྲོལ་འབྱུང་ཚུལ་ནི། བླ་མ་མལ་ལོ་ཙཱ་བ་ཆེན་པོས་མགོན་པོ་འདིའི་ཆོས་སྐོར་རྒྱ་བོད་ཀྱི་བླ་མ་གསུམ་ལ་གསན་པའི་ནང་ནས། གཙོ་བོར་གྱུར་པ་ནི་བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས་ལ་གསན་པ། ལོ་ཆེན་རིན་ཆེན་བཟང་པོ་ནས་བརྒྱུད་པ་འདི་ཉིད་ཡིན་ལ། འདི་ལ་བཀའ་གཏེར་གྱི་བརྒྱུད་པ་གཉིས་བྱུང་བ་ལས། དང་པོ་བཀའ་མའི་བརྒྱུད་པའི་ལོ་རྒྱུས་ནི། སྟོན་པ་རྡོ་རྗེ་འཆང་ཆེན་པོའམ་རྡོ་རྗེ་ནག་པོ་ཆེན་པོ་སོགས་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པའི་ཐབས་བདེ་བ་ཆེན་པོའི་ངོ་བོ་དེ་ཉིད་ཀྱིས་མཁའ་འགྲོ་མ་རྡོ་རྗེ་གུར་དང་། འཇིགས་བྱེད་ཆེན་མོ་དང་། ཡུམ་ཆེན་ཨེ་ཀ་ཛ་ཊི་སོགས་མཚན་གྱི་རྣམ་གྲངས་མང་པོ་དང་ལྡན་པའི་ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་དེ་ལ་གནང་། འདི་གཉིས་ངོ་བོ་