R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 408
[A:408]པཎྜི་ཏ་ཆེན་པོ། འཕགས་པ་རིན་པོ་ཆེ། ཚོགས་སྒོམ་པ། ཉན་ཆེན་པ། ན་བཟའ་བྲག་ཕུག་པ། བླ་མ་དཔལ་ལྡན་སེང་གེ །ཆོས་རྗེ་བླ་མ་དམ་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ནས་གོང་བཞིན་ནོ། །༼༽ཡིག་གི་རྟགས་ཅན། དབང་ཆུ་ཆེན་མོ། མཚོ་སྐྱེས་དབང་ཆོག། ཆོས་ལ་འཇུག་པའི་སྒོ། བྱིས་པ་བདེ་འཇུག་སློབ་དཔོན་རང་གི་མཆན་བུ་དང་བཅས་པ་རྣམས་ཀྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ་ཆེན་པོ། འཕགས་པ་རིན་པོ་ཆེ། འཇམ་སྐྱ། བླ་མ་ཨ་མོ་གྷ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །༼༽ཡིག་རྟགས་ཅན། ཀྱེ་རྡོར་མངོན་རྟོགས་རྒྱས་པའི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། དགའ་ལྡན་པ་ཀུན་བསོད། ཏི་ཤྲི་ཀུན་བློ། བླ་མ་དམ་པ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ།། ༼༽ཡིག་གི་རྟགས་ཅན། དྲིལ་བུ་པའི་དབང་གི་བྱ་བའི་ཊཱི་ཀའི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། བཀའ་བཞི་པ་གྲགས་པ་གཞོན་ནུ། རིན་པོ་ཆེ་བསོད་གྲགས་པ། མཁན་ཆེན་གཞོན་ནུ་མགོན། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ༑ ༑༼༽ཡིག་གི་རྟགས་ཅན། མི་གཡོ་བ་སྔོན་པོའི་ལོ་རྒྱུས། བསྒོམ་བཟླས་ཀྱི་རྣལ་འབྱོར། མེ་སྦར་ལུགས། བསྲུང་བའི་བྱེ་བྲག །མཎྜལ་གྱི་ཆོ་ག །གཏོར་མའི་ཆོ་ག །བྲིས་སྐུའི་ཆོ་ག །འཕྲུལ་འཁོར་གྱི་ཆོ་ག །སྦྱིན་སྲེག་གི་ཆོ་ག །ལས་ཐོར་བུ་བ་རྣམས་ཀྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། ཞང་མདོ་སྡེ་དཔལ། བླ་མ་མཆོག་ལྡན་པ། བླ་མ་གཞོན་ཚུལ། མཁན་ཆེན་ཤེར་རྡོར་མན་གོང་བཞིན་ནོ། ། ༼༽ཡིག་གི་རྟགས་ཅན། དོན་ཞགས་ཀྱི་ལོ་རྒྱུས། ལྕགས་སྣོད་དུ་གཏོར་མ་མྀ་བྱེད་པའི་རྒྱུ་མཚན། རྒྱུད་ཆུང་གི་བསྡུས་དོན། མདོའི་རྣམ་བཤད་རྣམས་ཀྱི་བརྒྱུད་པ་ནི། སློབ་