R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 409
[A:409]དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ་ཆེན་པོ། རྩང་པོ་ཞོ་ར་བ། ལ་རུ་བ། གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། མཁན་ཆེན་དང་མ་བ། མཁན་ཆེན་ཤེས་རབ་རྡོ་རྗེ་མན་གོང་བཞིན་ནོ། །༼༽ཡིག་གི་རྟགས་ཅན། ཀྱེ་རྡོར་བརྟག་གཉིས་ཀྱི་རྣམ་བཤད་ཉི་མའི་འོད་ཟེར་གྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་སྐྱ་པཎ་ཆེན། འཕགས་པ་རིན་པོ་ཆེ། ཤངས་པ་བསོད་ནམས་རིན་ཆེན། སྲས་ཀུན་རིན། མཁན་ཆེན་ཤེར་རྡོར་མན་གོང་བཞིན་ནོ། །འདི་ཡན་མཁན་ཆེན་ཤེར་རྡོར་བས་བླ་མ་དྲུག་ལས་བླངས་པའི་སྐོར་རོ། །ཡང༌། ༼༽ཡིག་གི་རྟགས་ཅན། སཾ་བྷུ་ཊའི་ཊཱི་ཀ་གནད་ཀྱི་གསལ་བྱེད་ཀྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ་ཆེན་པོ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ། བླ་མ་དཀོན་རྒྱལ། ཏ་དབེན་ཀུན་རིན། བུ་སྟོན་དབང་ཕྱུག་དར། ཐེག་ཆེན་ཆོས་རྒྱལ་ནས་གོང་བཞིན་ནོ། །སློབ་དཔོན་རིན་པོ་ཆེ་རྩེ་མོའི་སྐབས་སོ། ། ༈ ད་ནི་རྗེ་བཙུན་རིན་པོ་ཆེ་གྲགས་པའི་བཀའ་འབུམ་ལས། འདི་ལ་༼ཁི༽ཡིག་གི་རྟགས་ཀྱང་འཐད་མོད་ཀྱི། དངོས་སུ། ༼༽ཡིག་གི་རྟགས་ཅན། ས་ཆེན་གྱི་རྣམ་ཐར་གསན་ཡིག་མར་གྲགས་པ། རྗེ་བཙུན་རང་གི་རྣམ་ཐར་རྣལ་ལམ་མ། འཇམ་དབྱངས་ཀྱི་བསྟོད་པ་རྒྱུད་གསུམ་འཁོར་ལོ། མི་གཡོ་བའི་བསྟོད་པ། རིམ་གསུམ་འཐད་ལྡན། འཇིགས་བྱེད་ཀྱི་བསྟོད་པ། བདག་མེད་མའི་བསྟོད་པ་དྲི་མ་མེད་པ། གུར་གྱི་ཐིག་གི་གསལ་བྱེད། རྩ་ལྟུང་འཁྲུལ་སྤོང༌། བླ་མ་ལྔ་བཅུ་པའི་གསལ་བྱེད། རབ་གནས་བཟང་པོ་དྲུག་པ། ལས་བཞིའི་སྦྱིན་སྲེག །ཚོགས་འཁོར་འབྲིང་པོ། དེ་ཁོ་ན་ཉིད་གསུམ་གྱི་མན་ངག །ཀྱེ་རྡོར་དཔའ་བོ་གཅིག་པའི་མངོན་རྟོགས། ཧེ་རུ་ཀའི་བྱུང་ཚུལ། ཀུན་ཏུ་སྤྱོད་པའི་བསྡུས་དོན། ལཱུ་ཧི་པའི་བླ་མ་བརྒྱུད་པའི་ལོ་རྒྱུས། ལཱུ་ཧི་པའི་མངོན་རྟོགས་