R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 407
[A:407]སེང༌། རིན་པོ་ཆེ་བསོད་ནམས་གྲགས་པ། བླ་མ་དམ་པ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན། ཡང༌། ༼ཁཱ༽ཡིག་གི་རྟགས་ཅན། ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས། དེའི་ཆ་ལག་མཁའ་སྤྱོད་སྒྲུབ་ཚུལ། སློབ་མ་རྗེས་བཟུང༌། ཚེས་བཅུ། ཚོགས་མཆོད། སྦྱིན་སྲེག། མར་མེའི་སྦྱིན་སྲེག །ལམ་གྱི་ཡན་ལག་པྲ་སེ་ན་དབབ་པ། སྨན་ཆེན་བཅུད་ལེན། ཁོལ་པོ་སྒྲུབ་པ། ཁོལ་མོ་སྒྲུབ་པ། པདྨ་པ་ཏིའི་སྒྲུབ་ཐབས། གནོད་སྦྱིན་མོ་བསྒྲུབ་པ་རྣམས་ཀྱི་བརྒྱུད་པ་ནི། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ་ཆེན་པོ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །ཡང༌། ༼༽ཡིག་གི་རྟགས་ཅན་དུར་ཁྲོད་བདག་པོའི་སྒྲུབ་ཐབས། བསྙེན་སྒྲུབ་ཀྱི་ཡིག་ཆུང༌། འཁོར་ལོའི་རབ་གནས། སྒྲུབ་པའི་མན་ངག །རྟེན་སྦ་བ། དབང་བསྡུད། ཉམས་པ་སྒྲལ་ཐབས། རིམས་ནད་བཅད་པ་རྣམས་ཀྱི་བརྒྱུད་པ་ནི། བླ་མ་ས་ཆེན། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། ཤར་པ་གཅེན་ཤེར་འབྱུང༌། གཅུང་རྡོ་རྗེ་འོད་ཟེར། འཇམ་དབྱངས་རིན་རྒྱལ། བྱང་ཆེན་པ༑ གཞོན་ཚུལ། མཁན་ཆེན་ཤེར་རྡོར་ནས་གོང་བཞིན་ནོ། །བླ་མ་ས་སྐྱ་པ་ཆེན་པོའི་སྐབས་སོ། ། ད་ནི་སློབ་དཔོན་རིན་པོ་ཆེ་རྩེ་མོའི་བཀའ་འབུམ་ལས། བླ་མ་དམ་པ་ལས་བླངས་པ། ༼ཁི༽ཡིག་གི་རྟགས་ཅན། ས་སྐྱ་པ་ཆེན་པོ་ལ་བསྟོད་པ། ཀྱེ་རྡོར་བརྒྱུད་པའི་གསོལ་འདེབས་དང་བཅས་པ། རྒྱུད་སྡེ་སྤྱི་རྣམ། བདག་མེད་མའི་དབང་གི་ཐོ་ཡིག །ཌོཾ་བྷི་བའི་ལུགས་ཀྱི་དབང་ཆུ། སྒྲུབ་ཐབས་ཚིགས་བཅད་མའི་ཊཱི་ཀ །དྲིལ་བུ་པའི་མངོན་རྟོགས། བདེ་མཆོག་མཆོད་ཕྲེང༌། རྣམ་རྒྱལ་རྟོག་པའི་ཊཱི་ཀ་དང་བསྡུས་དོན། སྤྱོད་འཇུག་གི་ཊཱི་ཀ་རྣམས་ཀྱི་བརྒྱུད་པ་ནི། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་