R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 406
[A:406]ཆོག་སྦྱིན་སྲེག་གི་ཐོ་ཡིག །སྦྱིན་སྲེག་གི་རྣམ་བཤད། རོ་སྲེག་གི་ཐོ་ཡིག །གསང་བའི་དེ་ཁོ་ན་ཉིད་ཀྱི་ཐོ་ཡིག །གསང་བའི་དེ་ཁོ་ན་ཉིད་ཀྱི་གསལ་བྱེད། གསང་བའི་དེ་ཁོ་ན་ཉིད་ཀྱི་ཆ་བླ་མའི་གསུང་གནང་བ་གསང་བའི་དེ་ཁོ་ན་ཉིད་ཀྱི་བསྡུས་དོན། ཨོ་ལ་པ་ཏིའི་མན་ངག །ཨོ་ལ་པ་ཏིའི་བསྡུས་དོན། ཨོ་ལ་པ་ཏི་དང་དཔྱིད་ཀྱི་ཐིག་ལེའི་སྔགས་རིམས་བསྒོམ་པའི་མན་ངག །རྡོ་རྗེ་ཕུར་པའི་མངོན་རྟོགས། ལས་བྱང༌། ཕུར་པའི་མཆོད་གཏོར་བསྡུས་པ། བཟླས་པའི་མན་ངག །བསྙེན་ཕུར་བཅའ་བའི་མན་ངག །གདོན་འདུལ་བའི་མན་ངག །སངས་རྒྱས་ལག་བཅངས་ཀྱི་མན་ངག །སྒྲོན་མའི་དབང་ཆོག་གི་བསྡུས་དོན། སེང་གེ་སྒྲའི་བསྙེན་སྒྲུབ། གཏོར་མའི་རྣལ་འབྱོར། མཎྜལ་ལ་བརྟེན་ཏེ་གཟུངས་སྒྲུབ་པ། ལྷ་འགྲུབ་མི་འགྲུབ་རྨི་ལམ་བརྟག་པ། ནད་སོས་པ་མི་ལྡོག་པར་བྱ་བ། གདོན་འགྲོལ་བའི་ཆོ་ག་བྷ་ཡ་ནའི་སྲུང་འཁོར། ནམ་མཁའ་ལྡིང་གི་མངོན་རྟོགས་བསྟོད་པ་དང་བཅས་པ་རྣམས་ཀྱི་བརྒྱུད་པ་ནི། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་རྩེ་མོ༑ རྗེ་བཙུན་རིན་པོ་ཆེ་གྲགས་པ། ཆོས་རྗེ་ས་པཎྜི་ཏ་ཆེན་པོ། འཕགས་པ་རིན་པོ་ཆེ། ཞང་དཀོན་དཔལ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ལུང་རིགས་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཆེན་པོ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། འབྲི་ཁུང་མཁན་ཆེན། འཇམ་དབྱངས་བྱང་ཆུབ་དབང་གི་རྒྱལ་པོ། སྔགས་འཆང་ཚེ་དབང་བཀྲ་ཤིས་མན་གོང་བཞིན་ནོ། །ཡང་ན། བླ་མ་དམ་པ། མཁན་ཆེན་བྱང་སེང་པ། ཐེག་ཆེན་པ་ནས་གོང་བཞིན་ནོ། །ཡང༌། ༼༽ཡིག་གི་རྟགས་ཅན་སྒྲོལ་མ་ལྷ་བཅུ་བདུན་མའི་དཀྱིལ་ཆོག་གི་བརྒྱུད་པ་ནི། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། མཆིམས་ཆོས་སེང༌། མཆིམས་བློ་བརྟན། འཇམ་གསར། རྗེ་བཙུན་རྒྭ་ལོ། རོང་པ་ཤེར་