R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 405
[A:405]གཞོན་ཚུལ། དང་མ་བ་བརྩོན་འགྲུས་བྱང་ཆུབ། སྲས་ཀུན་རིན་ཏེ་དྲུག་གོ །རྗེ་བཙུན་གྱི་བཀའ་འབུམ་བླ་མ་བཅུ་གཅིག་ལས་ལུང་བླངས་ཏེ། བར་མའི་ཨཱ་མོ་གྷ། བླ་མ་དམ་པ། གཞོན་ནུ་མགོན། གཞོན་ཚུལ། བརྩོན་འགྲུས་བྱང་ཆུབ་སྟེ་ལྔ་དང༌། རིན་པོ་ཆེ་བསོད་ནམས་དབང་ཕྱུག །བླ་མ་སེང་གེ་རྒྱལ་མཚན། བླ་མ་དཔལ་ལྡན་སེང་གེ །རྒྱལ་སྲས་ཐོགས་མེད། བཀའ་བཅུ་གཞོན་ནུ་སེང་གེ །བླ་མ་སངས་རྒྱས་རིན་ཆེན་ཏེ་བཅུ་གཅིག་གོ ༑དེ་ལ་དཀར་ཆག་གི་རིམ་པ་ཤེས་པར་འདོད་ན་མུ་སྲད་པ་རང་གི་ཡི་གེར་གཟིགས། འདིར་ནི་གང་ལས་བླངས་པའི་བརྒྱུད་པའི་རིམ་པ་བྲི་བར་བྱ་སྟེ། ཐོག་མར་རྗེ་ས་སྐྱ་པ་ཆེན་པོའི་བཀའ་འབུམ་ལ། ༼ཨ༽ཡི་རྟགས་ཅན། རྒྱུད་སྡེ་སྤྱི་རྣམ། བརྟག་གཉིས་བཀའ་འགྲེལ། བརྟག་གཉིས་བསྡུས་དོན། བདེ་མཆོག་རྩ་རྒྱུད་ཀྱི་ཊཱི་ཀ་མུ་ཏིག་ཕྲེང་བ། བདེ་མཆོག་རྩ་རྒྱུད་ཀྱི་ཟིན་བྲིས་ལེ་འགྲེལ། བསྡུས་དོན། རྟོག་བདུན་ཊཱི་ཀ་རྣམས་ཀྱི་བརྒྱུད་པ་ནི། བླ་མ་ས་སྐྱ་པ་ཆེན་པོ། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། བླ་མ་ཡེ་ཤེས་དཔལ། མཁན་ཆེན་ཤེས་རབ་རྡོ་རྗེ། མཁན་ཆེན་རྒྱལ་བཟང་པ། མཁན་ཆེན་བྱང་སེང་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ནས་འོག་ནས་གསལ་ལོ། །ཡང༌། ཆོས་རྗེ་བླ་མ་དམ་པ་ལས་ཐེག་ཆེན་པ་ཉིད་ལ་བརྒྱུད་པ། ༼ཁི༽ཡིག་གི་རྟགས་ཅན། རྣལ་འབྱོར་དབང་ཕྱུག་ཞལ་གཟིགས་དུས་སུ་བསྟོད་པ་ཨ་ལ་ལ་སྟེ་མ། རྒྱུད་སྡེའི་དུམ་བུ་བརྒྱ་བཅུ་གསུམ་པ། གུར་གྱི་ཐོ་ཡིག །གུར་གྱི་བཤད་པའི་ཆིངས། མངོན་བྱུང་གི་རྣམ་འཕྲུལ། གདན་གྱི་རྣམ་དག །གུར་གྱི་ཨུཥྞཱི་ཥའི་མན་ངག །ཀྱེ་རྡོར་མཚོ་སྐྱེས་ཀྱི་ལོ་རྒྱུས། སྒྲུབ་ཐབས་མཚོ་སྐྱེས་ཀྱི་ཟིན་བྲིས། མཚོ་སྐྱེས་བསྐྱེད་ཆོག་གི་ཟིན་བྲིས། གླུའི་བཤད་པ། རྩའི་མངོན་རྟོགས། མཚོ་སྐྱེས་སྒྲུབ་ཐབས་ས་བཅད། མཚོ་སྐྱེས་མངོན་རྟོགས་ཚིགས་བཅད་མ། རྡོ་རྗེ་སྙིང་འགྲེལ་གྱི་ཡིག་སྣ། ནག་པོ་དཀྱིལ་ཆོག་གི་ཐོ་ཡིག །ནག་པོ་དཀྱིལ་