R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 202
[A:202]ཆེན་ཀུན་ལྡན། རིགས་འཛིན་ཀུན་དགའ་དོན་གྲུབ། རྗེ་བྱམས་པ་ཀུན་དགའ་འབྱུང་གནས། མཁན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་གོ །ཡང་ན་ཉེ་བརྒྱུད་ནི། བཅོམ་ལྡན་འདས་གདུགས་དཀར་མོའི་ལྷ་ཚོགས། སྔགས་འཆང་ཤཱཀྱ་དཔལ་བ། རྗེ་དཀོན་མཆོག་རྒྱལ་མཚན་ནས་གོང་བཞིན་ནོ། ༈ །སྦྱོང་རྒྱུད་ནས་གསུངས་པ་ས་ལུགས་ཀྱི་ཡོ་གར་གྲགས་པ་ཐར་རྩེ་ནམ་མཁའ་དཔལ་བཟང་གི་ཡིག་ཆ་ནས་དཀྱིལ་འཁོར་བཅུ་གཉིས་ཀྱི་ཀུན་རིག་རྩ་བའི་དཀྱིལ་འཁོར་སྒོ་རྐྱང་རྩ་བའི་ལྷ་སོ་བདུན་མགྲོན་ཐབས་དང་བཅས་པ། ཤཱཀ་ཐུབ་སྐུའི་དཀྱིལ་འཁོར་ལྷ་བཅུ་བདུན། ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་ལྷ་བཅུ་གསུམ། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ལྷ་བཅུ་གསུམ། འཁོར་ལོ་སྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་ལྷ་ཞེ་བརྒྱད་འཇིག་རྟེན་ཁོར་ཡུག་དང་བཅས་པ། མེ་ལྟར་འབར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་ལྷ་བཅུ་བདུན་པ་སྟེ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དྲུག་དང༌། འཇིག་རྟེན་པའི་དཀྱིལ་འཁོར་དྲུག་ལས་ཕྱག་ན་རྡོ་རྗེ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ། མེ་ལྟར་འབར་བ་ལྷ་ཆེན་བརྒྱད། མེ་ལྟར་འབར་བ་གཟའ་ཆེན་བརྒྱད། ཕྱག་ན་རྡོ་རྗེ་ཞི་བ་ལ་ཕྱོགས་སྐྱོང་བཅུ་སྒོ་བ་དང་བཅས་པ། མེ་ལྟར་འབར་བ་ལ་འཇིགས་བྱེད་དགུ་ཆུང་མ་དང་བཅས་ཤིང་སྒོ་བ་བཞི། ཕྱག་ན་རྡོ་རྗེ་ཞི་བ་ལ་རྒྱལ་ཆེན་བཞི་སྒོ་བ་བཞི་དང་བཅས་པས་བསྐོར་བའི་དཀྱིལ་འཁོར་རྣམས་ཀྱི་སོ་སོར་དབང་རྫོགས་པ་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། བྲམ་ཟེ་ཛི་ན་མི་ཏྲ། སྭསྟི་ཕ་ལ། སྒྲ་གཅན་འཛིན། པྲཛྙཱ་ཝ་ལི་ཏ། ཡེ་ཤེས་རྡོ་རྗེ། པྲ་ཧི་ཏ། སློབ་དཔོན་ཀུན་དགའ་སྙིང་པོ། རབ་འབྱོར་བསྐྱངས། ཁ་ཆེ་དྷརྨ་ཕ་ལ། ཛྙཱ་ན་ཤྲཱི། ལོ་ཆེན་རིན་ཆེན་བཟང་པོ། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། གཤེན་རྡོར་སེང༌། རྒྱ་གསར་བ། འབྲོམ་འཛིན་རི་པ།