R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 203
[A:203] སྙེ་མདོ་བ་བསོད་ནམས་དཔལ། གཉལ་པ་ཆོས་གྲགས། བྱ་རིན་ཆེན་འོད། བློ་ཆེན་སངས་རྒྱས་སྲས། ཁྱུང་ཆོས་རྒྱལ། སྙེར་སྟོན་ཐོགས་རྒྱུགས་པ། ཤཱཀྱ་གྲུབ་བཟང༌། ཐུགས་སྲས་བསོད་ནམས་བཟང་པོ། ཆོས་རྗེ་ནམ་མཁའ་རྒྱལ་མཚན། མཁྱེན་རབ་རིན་ཆེན་མཆོག་གྲུབ། ཀུན་མཁྱེན་ཤཱཀྱ་དོན་གྲུབ། ཀུན་དགའ་ལེགས་གྲུབ། ཀུན་དགའ་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྡོ་རྗེ་སེམས་དཔའ་བྱམས་པ་ངག་དབང་ལྷུན་གྲུབ། དེས་བདག་གོ །ཡང་ན་བློ་ཆེན་སངས་རྒྱས་སྲས། བླ་མ་དཔལ་ལྡན་པ། ངོར་ཆེན་རྡོ་རྗེ་འཆང༌། དཔལ་ལྡན་རྡོ་རྗེ། མགོན་པོ་དབང་ཕྱུག །གཉན་ལོ་གྲགས་པ་བློ་གྲོས་ལ། བུདྡྷ་སིངྷ༌། པྲཛྙཱ་དྷྭ་ཛ་གཉིས་ཀྱིས་གསན། དེ་གཉིས་ལ་པཎ་ཆེན་ནམ་མཁའ་དཔལ་བཟང༌། དེས་མཆོག་ལེགས་རྡོ་རྗེའོ། །ཡང་ན་མཁྱེན་རབ་རྗེ། འཇམ་དབྱངས་ཆོས་རྗེ། རིན་ཆེན་དོན་ཡོད་རྒྱལ་མཚན། བསོད་ནམས་ལྷུན་གྲུབ། མཆོག་ལེགས་རྡོ་རྗེ་མན་གོང་འདྲའོ། །གཙུག་ཏོར་དྲི་མེད་ལྷ་ལྔའི་སྒོ་ནས་མཆོད་རྟེན་འདེབས་པའི་ཆོ་ག་ཐུགས་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ། དེའི་སྔོན་དུ༑ དབང་བསྐུར་ཐོབ་དགོས་པས། བླ་ཆེན་གྲགས་རིན་པ་དང༌། ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པའི་ཡིག་བཅའ་ནས་དབང་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཇོ་བོ་རྗེ། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། ཕྱག་སོར་བ། བྱ་ཡུལ་བ། སྐར་ཆུང་བྱིན་པ། གཟེ་བ་དོན་ཡེ། ཁམས་པ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བླ་མ་སེང་གེ་རྒྱལ་མཚན། ཐོག་སྟོན་ཤེས་རབ་རྡོ་རྗེ། མེག་སྟོན་གྲགས་པ་འོད་ཟེར། བླ་ཆེན་གྲགས་པ་རིན་ཆེན། ཀུན་མཁྱེན་ནམ་མཁའ་འོད། ཆོས་རྗེ་ནམ་མཁའ་ཚུལ་ཁྲིམས། སྐུ་ཞང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་