R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 201
[A:201] སྨན་སྟོན་གུང་པ། ཆོས་བྲག་མཁར་པ། བྲག་དཀར་དབོན་པོ། ཡོན་ཏན་བྱང་ཆུབ། གདུགས་དཀར་བ་གཞོན་ནུ་རིན་ཆེན། རང་བྱུང་རྡོ་རྗེ། རྟ་བཀྲ་བ་དབང་བརྩོན། ཡོར་པ་རིན་ཆེན་དཔལ། སོག་དབོན་རིག་རལ། མཐོང་བ་དོན་ལྡན། གུ་ཤྲི་རིན་ཆེན། སངས་རྒྱས་མཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །གྲགས་པ་དོན་གྲུབ། རྣམ་རྒྱལ་དཔལ་བཟང༌། རྗེ་ངག་དབང་རྣམ་རྒྱལ། མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། རྩ་བའི་བླ་མ་བྱམས་པ་ངག་དབང་ལྷུན་གྲུབ། དེས་བདག་གོ ། ༈ གཙུག་ཏོར་གདུགས་དཀར་ལྷ་བཅུ་བདུན་གྱི་སྟེང་དུ་སྔགས་འཆང་ཤཱཀྱ་དཔལ་ཉིད་ཀྱི་ཞལ་གཟིགས་ལྟར་རྣམ་འཇོམས་དཀར་པོའི་ཁྲོ་བོ་བཅུ་བསྣན་ནས་ལྷ་ཉེར་བདུན་གྱི་ཡིག་བཅའ་སྔགས་འཆང་ཤཱཀྱ་དཔལ་གྱིས་མཛད་པའི་སྟེང་ནས་དབང་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ། གཙུག་ཏོར་གདུགས་དཀར་མོ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་བསམ་གཏན་བཅུ་པ། མཁས་པ་ཙནྡྲ་གོ་མི། སློབ་དཔོན་གི་ར་ཝ་ཏི། སློབ་དཔོན་རྡོ་རྗེ་རྣོན་པོ། སློབ་དཔོན་པདྨ་ལྕགས་ཀྱུ། བྲམ་ཟེ་རིན་ཆེན་རྡོ་རྗེ། སློབ་དཔོན་ཛེ་ཏཱ་རི་པ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། ལྡན་མ་ཀྱུ་ར་ཨ་སྐྱབས། རྗེ་བཙུན་བརྩེ་བ་ཆེན་པོ། རྗེ་བཙུན་གྲགས་པ་རྒྱལ་མཚན། དེ་ལ་སྟོད་ལུང་གད་སེར་བ་དང༌། ཕོ་རོག་མདོ་སྡེ་དཔལ་གཉིས་ཀྱིས་གསན། གཉིས་ཀ་ལ་ཁམས་པ་རྒན་མོ་ལྷས་པ་བྱང་ཆུབ་དཔལ་ལོ། །བླ་མ་ཡེ་ཤེས་རིན་ཆེན། རྗེ་རིན་ཆེན་རྒྱལ་མཚན། བླ་མ་ཆ་རྒན་པ། བླ་མ་གྲགས་ཆེན་པ། ཀུན་མཁྱེན་འཕགས་འོད། བུ་སྟོན་ཐམས་ཅད་མཁྱེན་པ། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། སྔགས་འཆང་ཤཱཀྱ་དཔལ་བ། ཆོས་རྗེ་དཀོན་མཆོག་རྒྱལ་མཚན། ཆོས་རྗེ་རྒྱལ་མཚན་བཀྲ་ཤིས། སློབ་དཔོན་དབང་ཆེན་རྒྱལ་པོ། བླ་མ་བྱང་ཆུབ་བཟང་པོ། མཁན་ཆེན་རིན་