R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 32a
[B:32a]པ་འཛིན་པའི་དབུ་བརྩམས་པའི་སྔ་དྲོ་མེ་ཏོག་གི་ཆར་བབ། ལེགས་པར་སྦྱངས། དགུང་ལོ་བཅོ་ལྔ་པ་ལ་གདན་ས་ཆེན་མོར་ཕེབས་ནས་བཤད་པ་མཛད། ཤར་པས་ཐོག་དྲངས་ས་སྐྱ་པ་མཐའ་དག་གི་གཙུག་ཏུ་ཁུར། མཆོག་ཏུ་ངོ་མཚར་བ་མཛད། ཁྱད་པར་བླ་མ་ལ་གུས་པས་ཐུགས་ཀྱིམི་དྲན་པའི་དུས་ཀྱི་བླ་མ་ལ་ཡང་སྐུ་འདྲ་བཞེངས་པའི་ངང་ནས་གསོལ་བ་འདེབས། བླ་མའི་གཟིམ་མལ་གྱི་འོག་ཏུ་དབུ་བཅུག་ནས་བྱིན་བརླབས་ཞུས། ན་བཟའ་དབུལ་ཁུར། རྒྱང་རིང་པོར་གསུས་སྐྱེལ་མཛད། ཕྱི་རུ་བླུན་པོ་འདི་རྣམས་ཆོས་ཉམས་ཆུང་སྡིག་པ་གསོག་ཏུ་ཡོང་བས་མཛད་དཀའ་བ་འདུག་ནའང་ང་རང་གིས་བདག་གིར་མི་བྱེད། ནང་དུ་ཕྱག་ལན་ཡེ་མི་མཛད་པར་ཞུ་ཞེས་གསུང་། དགེ་འདུན་ལ་ཐུགས་ཤིན་ཏུ་མོས་པས་སྡེ་ལོངས་ཀྱི་ཕྱག་དང་ལྡང་བ་མི་བཞེས། མང་ཇ་སུན་དང་པོ་སོང་བ་དང་ཡར་ཁྱུར་ཕེབས་ནས་ཚོགས་ཕྱག་གུས་པར་མཛད། གསོལ་ཇ་བཞེས་འཕྲོ་རང་གི་ཤིན་ཏུ་ཞིམ་པ་ནས་མང་ཇ་ཕངས་མེད་དུ་
[A:67]སྦྱོར། ཕལ་པས་སྒྲུབ་པར་མི་ནུས་པའི་ཆེ་འགྱིང་བཅག་པའི་སྤྱོད་ལམ་དུ་མ་མཛད། དེ་ལྟ་བུའི་སྟོབས་ཀྱིས་སྔར་རྩིག་དབང་ཡེ་མ་བྱུང་བའི་ལྷུན་པོ་རྩེའི་རྗོང་རོ་བླང་། ནང་སོ་ནོར་བཟང་པས་གདན་དྲངས། བཀུར་སྟི་འབུལ་སྣོད་ཕུན་སུམ་ཚོགས་པ་མཛད། ཁྱད་པར་རྒྱལ་ཡུལ་རང་ན་ཟོ་བདེ་མོ་མེད་པའི་སྐབས་སུ་ཡང་། རྒྱལ་པོས་ཡབ་ལ་གང་གནང་གི་མཚན་དང་ལས་ཁ། ལུང་བཟང་པོ། སེར་ཆས་ཁྱད་འཕགས། དབང་གི་སྐྱ་ཆས་ཚང་མ་གནང་