[B:31b]འཇའ་ས་བོད་ལ་ཤེས་སུ་བཅུག་པའི་ལུང་བཟང་པོ་སྟོབས་ཆེ་བ། གཞན་ཡང་རྒྱ་འདྲུལ་ཡོང་རེས་ཀྱི་འཇ་ས། གནང་སྦྱིན་དང་བཅས་པ་སླེབས། རྗོང་ལྷ་རྩེ་མངའ་ཞབས་དང་བཅས་པ་བརྩོལ་མེད་དུ་ཕྱག་ཏུ་བྱུང་། ཉང་སྟོད་དུ་རྩེ་ཤར་ནུབ༑ ཡར་འབྲོག་ཧིམ་ཏུ་ཆེན་པོས་ཐོག་དྲངས་ཀྱི་སྐུ་ངོ་རྣམས་དང་བཅས་པ་འཛོམ་ནས་གདན་དྲངས། བཀུར་བསྟི་ཞབས་ཏོག་ཤིན་ཏུ་ཡ་མཚན་པ་མཛད། ཕྱིས་བཞུགས་པའི་སྟབས་ཀྱིས་རིན་སྤུངས་ནོར་བུ་བཟང་པོས་གདན་དྲངས་ནས་དེ་བཞིན་དུ་མཛད་དོ། །སྤྱི་དཔོན་ལ་དགྲ་མེད་དུ་བཞུགས་པའི་ངང་ནས་དགུང་ལོ་ཞེ་དྲུག་པ་ཤིང་ཕོ་བྱི་བ་ལོ་ཧོར་ཟླ་དང་པོའི་ཉི་ཤུ་གཉིས་ལ་རྣམ་རྒྱལ་རྩེའི་གཟིམས་ཁང་དུ་གཤེགས་སོ། །འདི་ལ་ཡར་འབྲོག་སྣ་དཀར་རྩེ་རུ་བྱོན་པའི་བདག་མོ་ནམ་མཁའ་འབུམ་ལ་སོགས་པའི་ལྕམ་མོ་ལྔ་
[A:66]ཙམ་ཡོད་དོ། མི་དབང་འདིས་དང་པོར་ཡར་འབྲོག་པ་བདག་མོ་དཔལ་ཆེན་པ་ཁབ་ཏུ་བཞེས་པ་ལ་སྲས་མོ་གཉིས་འཁྲུངས་པའི་ཆེ་བ་ཡར་འབྲོག་སྟག་ལུང་དང་། ཆུང་བ་རྒྱལ་མཁར་རྩེ་ན་དཔལ་འབྱོར་ཆབ་སྲིད་ཆེ་བར་བཞུགས་སོ། །ཕྱིས་མི་ཉག་མ་སེ་ཧེ་རུ་ཀའི་ཚ་ལོ་བཞེས་པ་ལ་ཡབ་དགུང་ལོ་སོ་བདུན་པ་ཤིང་མོ་ཡོས་ལ་འཁྲུངས་པ། དབང་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་པ་ནི། སྐུ་ལྷའི་ཆ་བྱད། གསུང་ཀ་ལ་པིང་ཀ ཐུགས་ཉི་མའི་འོད་ལྟར་གསལ་བས། ཆོས་འཇིག་རྟེན་གང་ལ་ཡང་མཁྱེན་པ་རྒྱས༑ སྐུའི་རྒྱུ་རྩལ་མཐའ་དག་ལ་ཐོགས་པ་མི་མངའ། དགུང་ལོ་བདུན་པ་ལ་དཔལ་བརྟག་པ་གཉིས་