R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 26a
[B:26a]དུས། མཁས་བཙུན་ནམ་ལེགས་པ་དང་། ནམ་མཁའ་རྒྱལ་མཚན་པ་གཉིས་འཁྲུངས། གཅེན་སྐྱེས་སྟོབས་ཀྱི་ཐུགས་རབ་ཆེ། ཆོས་སྐྱོང་ལ་ནུས་པ་ཐོན། ཀུ་ཤ་ལ་གོ་དན་རྒྱལ་པོས་གུ་ཤྲཱིའི་མཚན་དང་། ཤེལ་དམ་གནང་། གདན་ས་ལོ་དགུ་མཛད། སོ་དགུ་པ་ལ་གཞི་ཐོག་ཏུ་གཤེགས། གཅུང་གིས་རྒྱལ་པོ་དེའི་བླ་མཆོད་མཛད། དགུང་ལོ་ཉི་ཤུ་པ་ལ་ཕོ་བྲང་དང་ཉེ་བར་གཤེགས། དེ་གཉིས་ཀྱི་བར་དུ་སྲས་གཅིག་གཞོན་ནུ་ལ་གཤེགས་སོ། །མ་གཅིག་རེད་མདའ་མ་ལ་སྲས་ལྕམ་སྲིང་གསུམ་འཁྲུངས་པའི་སྲས་ཆེ་བ་གཞོན་ནུ་ནས་གཤེགས། དེ་འོག་སློབ་དཔོན་མ་ཀུན་དགའ་འབུམ། ཆུང་བ་ཀུན་དགའ་ལེགས། འདི་ཡབ་ཞེ་བདུན་པ་ས་ཕོ་སྤྲེའུ་ལ་འཁྲུངས་རྒྱལ་པོ་ཐོ་གན་ཐེ་མུར་གྱིས་པཱ་ལེན་དབང་གི་ལས་ཁ་གསེར་དམ། བོད་ཆོལ་ཁ་གསུམ་ལ་ཤེས་སུ་བཅུག་པའི་ལུང་དབང་བསོད་ནམས་བཟང་པོའི་ཇོ་མོ་ལ་གནང་བའི་དཔོན་མོ་བུད་དྷ་གན་དང་བཅས་པ་གནང་། ཕྲིན་ལས་རྒྱས་པའི་ངང་ནས་དགུང་ལོ་ཉེར་དགུ་པ་ས་ཕོ་བྱི་བ་ལ་སྲད་ཀྱི་ས་ཆ་ཚགས་ཚིགས་བྱ་བར་སྐུ་གཤེགས། མ་
[A:55]གཅིག་ཞལ་ལུ་མ་གཞོན་ནུ་འབུམ་ལ་སྲས་བཞི་འཁྲུངས་པའི་ཆེ་བ། གུ་ཤྲཱི་ཀུན་དགའ་ཉི་མ་ནི། ཡབ་ཞེ་བརྒྱད་པ་ས་མོ་བྱ་ལ་འཁྲུངས། གཞོན་ནུ་ནས་ཡོན་ཏན་ཐམས་ཅད་རྫོགས། ཏིཤྲི་ཀུན་བློ་བ་དང་མཉམ་དུ་གོང་ལ་བྱོན༑ གཡིང་ཁྱུང་རྒྱལ་པོའི་བླ་མཆོད་མཛད?མཛོད་དེ། གཞོན་ནུ་དགུང་ལོ་བཅུ་བཞི་པ་ཆུ་ཕོ་ཁྱི་ལ་ཕོ་བྲང་དུ་གཤེགས་སོ། །གཅུང་འཇམ་དབྱངས་དོན་ཡོད་རྒྱལ་མཚན་པ་ཡབ་ཞེ་དགུ་པ་ལྕགས་ཕོ་ཁྱི་ལ་འཁྲུངས། འཇམ་དབྱངས་དངོས་སུ་གྲགས༑ བྃཀའ་ཆེན་དྲུག་ལ་ཐུགས་བཤད་མཛད། མཁས་བཙུན་པ་གདན་སར་བཞུགས་ཀྱང་ཚོགས་ཆོས་འདིས་