R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 16a
[B:16a]སྤྲུལ་ནས་ཁྱོད་དབང་ཞུ་ན་སུ་ལ་ཞུ། རབ་བྱང་ལེན་ན་སུལ་ལེན་འདོམས་ཤིག་ཅེས་གསུང་བ་ལ། དེ་ཐམས་ཅད་བླ་མ་
[A:33]རྗེ་བཙུན་ཁྱེད་རང་ཉིད་ལ་ཞུ་བ་ལགས། ཞེས་ཞུས་པས་དགྱེས་ནས་དབུགས་དབྱུང་། ཁྱད་པར་ཆོས་ཐམས་ཅད་གནད་བསྡུས་པའི་ཚིགས་བཅད་གནང་། ཡང་སྒོས་དབང་བཞི་པའི་ལམ་ཟབ་ལན་མང་དུ་གསུངས། ལྷ་རྣམས་ཀྱིས་བདེ་བ་ཅན་དང་མཁའ་སྤྱོད་དུ་འབྱོན་པ་བསྐུལ་བ་ན། བདག་ལ་ལྟོས་པའི་འགྲོ་བ་མང་དུ་ཡོད་པས་མི་འགྲོ་ཞུས་པ་དང་། གཞན་ཡང་སྲིད་པའི་རྒྱ་མཚོ་ལས་འགྲོ་བ་མང་པོ་སྒྲོལ་བའི་མཚན་ལྟས་ལ་སོགས་པ་མནལ་ལམ་གྱི་རྣམ་པར་ཐར་པ་ཡང་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་རྣམ་པར་དཀར་བའི་མཛད་འཕྲིན་མཐའ་ཡས་པའི་ངང་ནས། གདན་ས་གཅིག་གཤེགས་པ་ནས་བརྩིས་ན་སོ་ལྔ། ལོ་བཅུའི་གོང་དུ་ཁུར་བ་ནས་བརྩིས་ན་ཞེ་ལྔ་མཛད་དེ། དགུང་ལོ་བདུན་ཅུ་པ་མེ་ཕོ་བྱི་བའི་དབོ་ཟླའི་ཚེས་བཅུ་གཉིས་ལ་ཁོ་བོ་འདི་ནས་བདེ་བ་ཅན་དང་། དེ་ནས་གསེར་མདོག་ཅན་དུ་འཁོར་ལོས་བསྒྱུར་བའི་ཆ་བྱད་ཀྱིས་ཞིང་སྦྱོང་། ལུས་གསུམ་པ་ལ་ལུས་དེ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་འགྲུབ་བོ་ཞེས་གསུངས་ནས་གཤེགས་སོ། །བཅུ་པ་དཔལ་ཆེན་འོད་པོ་ནི། ཐུགས་བརྟན་ཞིང་ཡངས་པ་ངོ་ཚ་དང་ཁྲེལ་ཡོད་ཤས་ཆེ་བ། ཤེས་རབ་དང་བརྩོན་འགྲུས་ཕུན་སུམ་ཚོགས་པས་ཡབ་མེས་ཀྱི་ཆོས་ལ་ལེགས་པར་སྦྱངས་ཤིང་། ཁྱད་པར་སྨན་སྤྱད་ལ་མཁས་པས་གསོ་བ་རིག་པའི་བསྟན་བཅོས་ཉི་མའི་འོད་ཟེར་ཞེས་བྱ་བ་ལ་སོགས་པའི་བསྟན་བཅོས་འགའ་རེ་བརྩམས་ཤིང་། སྨན་གྱི་སྒོ་ནས་གཞན་དོན་མང་དུ་མཛད་དེ། དགུང་ལོ་ང་བཞི་པ་ཆུ་མོ་ཕག་གི་ཟླ་བ་ལྔ་པའི་ཉེར་གཅིག་ལ་གཤེགས་ཏེ། མཆེད་དེ་གསུམ་དཔལ་ལྔན་ས་སྐྱའི་གཟིམ་ཁང་ཉིད་དུ་
[A:34]གཤེགས་སོ། བླ་མ་འདི་ལ་སྲས་གཉིས་འཁྲུངས་པ་ནི།ཆོས་རྗེ་ས་པཎ། ཟངས་ཚ་བསོད་རྒྱལ་དུ་གྲགས་ཏེ། ཡུམ་མ་གཅིག་གར་བུ་མ་ཉི་ཁྲི་ལྕམ་ཞེས་བྱ་བའོ། །དེ་ཡང་ཡབ་