R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 10b
[B:10b]དབྱུག་གུ་ཟླ་བའི་ཚེས་བཅུ་བཞི་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། ས་སྐྱ་ཉིད་དུ་བདེ་བར་གཤེགས་སོ། །བླ་མ་དེའི་ཇོ་མོ་རྡོ་རྗེ་ཕྱུག་མོ་ལ་སྲས་ཡེ་མ་བྱུང་བའི་ངང་ནས་དགུང་ལོ་ང་དགུ་བཞེས་པའི་དུས་སུ། བླ་མ་གནམ་ཁའུ་པས་ཐབས་ལེགས་ཀྱིས་ཉོ་ཆང་དང་ཞག་པ་འཚོལ་དུ་བཅུག་ནས་མཁའ་འགྲོ་མའི་རྣམ་རོལ། གུང་ར་མ་ཇོ་མོ་ཞད་མོའི་སར་ཞག་གཅིག་བཞུགས་ནས་སྲས་གཅིག་འཁྲུངས་པ་ནི། རྣལ་འབྱོར་དབང་ཕྱུག་བིརྺ་པའི་རྣམ་འཕྲུལ་ས་ཆེན་ཀུན་དགའ་སྙིང་པོ་ཡིན་ནོ། །འདི་ཅུང་ཟད་མངོན་དུ་གྱུར་པ་ན་བླ་མ་ལ་ཞུས་པས། དེ་ཡོངས་སུ་རེ་ནས་ཐབས་བྱས་པ་ཡིན། ད་ང་རང་གིས་བསྐྱར་ནས་མཐར་ཕྱིན་པ་བྱེད་པས་ཁའུ་སྐྱེད་ལྷས་ཀྱི་སྒྲུབ་ཁང་དང་ཉེ་བའི་དབེན་པར་བང་ཆུང་ཟོས་གསུངས། དེར་གསང་ཐབས་སུ་བཞུགས་པས་ཆུ་ཕོ་སྤྲེའུ་ལ་འཁྲུངས། འཁྲུངས་ནས་ཀྱང་རྡོ་རྗེ་ཕྱུག་མོ་ལ་གསང་བ་ཁོང་གིས་ཚོར་ནས། ཁྱེད་ཀྱི་གདུང་བརྒྱུད་འདི་ཆད་དུ་འཕངས་པ་ཡིན༑ ཞང་མོ་ལ་སྲས་ཡོད་འདུག་པ་ལེགས་ང་ལ་གསང་མི་འཚལ། ད་ང་ལ་ནོར་གཞིས་མི་དགོས་པ་ཡིན་ཟེར་ནས་ས་སྐྱའི་མཆོད་ཞིང་ཆེན་མོ་མ་གཏོགས། ས་ཞིང་དང་ནོར་རྫས་ཐམས་ཅད་ཞང་མོ་ལ་གཏད་དོ། །དེ་ནས་དགུང་ལོ་བཅུ་གཅིག་གི་བར་ལ་ཡབ་ཀྱིས་ལེགས་པར་བསྐྱངས་ཏེ། དབང་བཤད་མན་ངག་ཕལ་མོ་ཆེ་གནང་། བཅུ་གཅིག་པ་ལ་ཡབ་གཤེགས། ཞལ་ཆེམས་ལ་དགོན་པ་འདི་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ཕོ་བྲང་སྟེང་ན་ཡོད་པས་དཔལ་འབྱོར་ཕུན་སུམ་ཚོགས་པ་འབྱུང་
[A:22]ཡང་༑ ཕྱིས་བློ་རྩིང་བའི་སྐྱོན་ཡོང་ཉེན་ཡོད་པས་ངའི་ཕུང་པོ་མཉམས་པ་འདི་གྲོག་པོ་མགོ་ལྡུམ་ལྟ་བུ་འདིའི་ཡ་སྣར་མཆོད་རྟེན་རྩིག་ལ་ཞོག་གསུངས་པ་དང་མཐུན་པར། རྩིས་མཁན་གྱིས་ཀྱང་གཤེགས་རྫོངས་ཀྱི་ཆོས་འཁོར་དང་། གདན་