R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 10a
[B:10a]པའི་ཐད་ན་ས་དཀར་ཞིང་སྣུམ་པ་ཆུ་གཡས་སུ་འབབ་པ་ལ་སོགས་པ་བཀྲིས་དང་དགེ་མཚན་དུ་མ་དང་ལྡན་པར་གཟིགས་ནས། འདིར་དགོན་པ་གཅིག་བཏབ་ན་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེར་འབྱུང་བར་དགོངས་ཏེ། དེ་སྐོར་གྱི་ས་ཆ་སྤྱིའི་བདག་པོ་ཇོ་བོ་གདོང་ནག་པ་ལ་ཞུས་པས་ཀྱང་གནང་། དགོས་ཀྱི་བདག་པོ་ཞང་ཞུང་གུ་ར་བ་དང་བན་དྷེ་གྲོང་བཞི་ལྷ་མི་གྲོང་བདུན་བྱ་བ་ཡོད་པ་ལ། ང་འདིར་དགོན་ཆུང་གཅིག་བྱེད་འདོད་པས། ཁྱེད་རྣམས་ལ་འགལ་བ་མི་ཡོང་ན་ཁྱེད་རྣམས་ལ་རིན་གཅིག་ཀྱང་འཇལ་གསུངས་པས། རིན་ཡེ་མི་འཚལ་ཅིས་ཀྱང་མཛད་པར་ཞུ་ཟེར། འོན་ཀྱང་ཕྱི་རབས་ཚུན་ཆད་ལ་འཐད་གསུངས་ནས། རྒོད་མ་དཀར་མོ་གཅིག་ནོར་བུའི་ཕྲེང་བ། མོ་གོས་གཅིག་ལ་སོགས་པ་གནང་ནས། མོན་གྲོག་མན༑ འབལ་གྲོག་ཡན་བླ་མ་བ་བདག་པར་བྱས། བླ་མ་འདིས་དགུང་ལོ་བཞི་བཅུ་བཞེས་པ། དབང་ཕྱུག་བག་ཡོད་ཅེས་བྱ་བ་ཆུ་མོ་གླང་གི་ལོ། སངས་རྒྱས་མྱ་ངན་ལས་འདས་ནས། བསྟན་རྩིས་ཡོངས་གྲགས་ལྟར་ན་ལོ་སུམ་སྟོང་ཉིས་བརྒྱ་རེ་བཞི༑ འཐད་ལྡན་ལྟར་ན་ཉིས་སྟོང་དང་བཅུ་འདས་པའི་ཚེ། འཛམ་གླིང་ན་ཉི་ཟླ་ལྟར་གྲགས་པ་མཁས་ཤིང་གྲུབ་པ་བརྙེས་པའི་གང་ཟག་བགྲང་བ་ལས་འདས་པ་འདུས་པའི་སྐྱེད་ཚལ། ཆོས་དང་ཟང་ཟིང་གི་དཔལ་འབྱོར་འགྲན་ཟླ་དང་བྲལ་བའི་གནས༑ དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོ་ཐོག་མར་བཏབ་པ་ཡིན་ནོ། །འདི་ནས་བཟུང་སྟེ་དཔལ་ལྡན་ས་སྐྱའི་གདུང་བརྒྱུད་ཅེས་ཉི་ཟླ་ལྟར་གྲགས་སོ། །དེ་ལྟ་བུའི་བླ་མ་དེས་དགུང་ལོ་བཞི་བཅུ་པ་ནས། རེ་དགུའི་བར་ལོ་སུམ་ཅུ་ཐམ་པ་གདན་ས་
[A:21]མཛད། གདུལ་བྱ་དཔག་མེད་སྨིན་གྲོལ་ལ་བཀོད་ནས་རེ་དགུ་པ་ལྕགས་ཕོ་རྟའི་