R88: རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་སློབ་བཤད་བསྟན་པའི་ཉི་འོད།

  • Pagination (Witness A): ༤༤༦
[A:༤༤༦]བྱུང་བས་ཀུན་གྱིས་བྱང་ཆུབ་སེམས་དཔའི་དཔོན་ཆེན་དུ་གྲགས་ཤིང༌། གོང་ནས་རྟིང་ལ་ཕེབས་རྗེས་ལ་སྲས་བློ་གྲོས་རྒྱལ་མཚན་པ་བྱུང་བ། གཅེན་དཔོན་གྲགས་རྒྱལ་བ་དང་དགུང་ལོ་བཅུ་བདུན་བཅོ་བརྒྱད་ཀྱི་ཁྱད་ཡོད་པས་ན་གྲགས་རྒྱལ་བའི་སྲས་ཡིན་པར་བྱེད་པའང་ཡོད་ལ། ཁོང་རྣམ་གཉིས་ཀྱི་བར་དུ་དབོན་པོ་ཧོར་ཚས་དཔོན་ཐོག་ཏུ་ལོ་གཅིག་གཉིས་བཞུགས་ཟེར་བའང་གླེང༌། དཔོན་ཆེན་རྒྱལ་བ་བཟང་པོ་པས་ཁྲིམས་ལས་ཀྱི་བྱ་བ་དཔོན་ཆེན་དབང་བརྩོན་ལ་འཕྲོད་པའི་སྐབས་སུ་ལྷ་རྩེའི་གཟིམས་ཁང་ལྷོ་མར་བདེ་བར་གཤེགས་སོ། །པུར་བཞུ་དུས་ཐུགས་ཐུགས་ཐག་དང་བཅས་ཏེ་བྱོན་པ་དེ་གཟིམས་ཁང་གུང་ལྡེབས་རིས་ལ་ཆོས་རྒྱལ་འཕགས་པའི་སྐུ་འདྲ་བཞུགས་པ་དེའི་ཐུགས་ཀར་ཐིམ་པ་ཀུན་གྱི་མཐུན་དུ་གྲུབ་བོ། །ཕྱི་སྐོར་གྱི་དཔོན་ཆེན་ལ་འདི་ཉིད་བླ་མ་ལ་གུས་ཤིང་ཁྲིམས་གཉིས་ཀྱི་བྱ་བ་མཁས་པར་བྱེད་དོ། །དཔོན་ཆེན་པའི་སྲས་པོ་གྲགས་པ་རྒྱལ་མཚན་པ་སྔ་སོར་ས་སྐྱ་ནང་ཆེན་བཟུང་རྟིང་ལ་དཔོན་ཆེན་གྱི་མིང་ཐོབ་ཤངས་མཐོང་སྨོན་བཟུང་བའི་སྐབས་དེར་སྐུ་གཤེགས་སོ། །གཅུང་པོ་དཔོན་པོ་ཧོར་ཚའི་སྲས་སྣ་དཀར་བ་དཔོན་ཀུན་དགའ་རྒྱལ་པོ་བརྒྱུད་ཆད། བློ་གྲོས་རྒྱལ་མཚན་པས་སི་ཏུའི་མིང་དང་ལས་ཀ་ཐོབ། དཔོན་ཆེན་པས་དབོན་པོ་འདི་དང་མཐོང་སྨོན་སྦྲགས་ནས་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ལ་སྤྲད། གཙང་ཕྱོགས་ཀྱི་སྡེ་པ་དར་ལྕོགས་དཀར་པོ་འཛུགས་པའི་སྔོན་མ་བྱས་ཟེར་བའང་འདུག །འདིའི་རིང་ལ་མཐོང་སྨོན་སྤེལ་ཆེན་བཞེངས། སྒོ་སྤེ་ཟུར་ཅོག་རྣམས་ཀྱི་ཁ་སྒྲོན་འོབས་ལྕགས་ཆུང་བ་བཟོས་སོ། །དེའི་སྲས་བཞིའི་ཆེ་བ་དུ་དབེན་