R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༣ན
[A:༣ན]༄༅། །དུ་འདུ་བའི་ལེགས་ཚོགས་འགྲུབ། དགུང་ལོ་ང་དྲུག་པ་ས་མོ་ཕག་རྒྱལ་གྱི་ཟླ་བའི་ཉེར་གཉིས་ལ་གཤེགས། དེའི་སྲས་གཅེན་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་ཤིང་མོ་ལུག་གི་ཟླ་བ་གསུམ་པའི་ཚེས་དྲུག་ལ་འཁྲུངས། ཆུང་ངུ་ནས་འབྲི་ཀློག་མ་སློབ་པར་མཁྱེན། སྐུ་སྐྱེ་སྔ་མ་སྤྱན་རས་གཟིགས་དང་གསུང་གླེངས་མཛད་པའི་ས་སྟོན་རིགས་པའི་སྐྱེ་བ་ཡིན་པ་དྲན། དགུང་ལོ་གསུམ་པ་ལ་ཚོགས་སུ་ཆོས་གསུངས་པས་མཁས་པ་རྣམས་ང་རྒྱལ་ཆག། འདི་ནི་ངེས་པར་འཕགས་པའོ། ཞེས་གྲགས་ཤིང། སློབ་དཔོན་པདྨས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་མ་འོངས་པ་ལུང་བསྟན་པའི་ཡི་གེ་ལའང། ལོ་ཙཱ་ཀ་བ་དཔལ་བརྩེགས་ཁྱེད།། དཀར་ནག་རྒྱ་རུ་འགྲོ་དོན་བྱེད།། དེ་ནས་དབུ་རྒྱན་འགག་ན་རུ།། པདྨ་ང་དང་གྲོས་གཏུན་ནས།། གཙང་གི་གྲོམ་པ་ཞེས་བྱ་བར།། མཁོན་གྱི་རིགས་འགྱུར་ལུག་ལོ་པ།། དེའི་སྡེ་སྣོད་བསྟན་པ་འཛིན།། འཕགས་པའི་མཚན་ཅན་གསང་སྔགས་སྐྱོང།། མཐའ་མི་དེའི་འདུལ་བར་འགྱུར།། ཞེས་པ་ལྟར། སེ་ཆེན་རྒྱལ་པོས་བླ་མ་ཞུས། ཆོལ་ཁ་གསུམ་དང་། བོད་ཁྲི་སྐོར་བཅུ་གསུམ་ཕུལ། རྒྱའི་མི་ཡུར་ཆེན་མོ་ནི། རྒྱའི་མི་རྣམས་རྟན་པ་གསལ། བྱེད་པ་རྐྱེན་པས་ངོ་ལོག་བྱས་ཀྱི་དོགས་ནས་མི་རེ་རེ་ནས་བསད་ཀྱིས་མི་ལང་བས་མི་འབུམ་ཕྲག་མང་པོ་ཁྱུ་སྡེབས་སུ་དམག་གིས་སྡད་ནས་རྒྱ་མཚོ་ལ་འདེབས་པ་ཡིན་འདུག་པས། དེ་ལྟ་བུ་མི་བྱེད་པའི་དམ་བཅའ་ཕུལ། འབུལ་བ་ལན་རེ་རེ་ལ་ཡང་དངུལ་བྲེ་ཆེན་སྟོང་ཕྲག་རེ་ཕུལ་བ་ལན་གཉིས་དང་གོས་དར་ཡུག་ལྔ་སྟོང་དགུ་རྒྱ་བཞི་བཅུ་ཕུལ་བ་སོགས་བསམ་གྱི་མི་ཁྱབ། མེ་ཏོག་ར་བའི་སྡེ་ལ་སོགས་པ། རྒྱ་ནག། སྨན་ཙེ། ཡུ་གུར། ཧོར། མདོ་ཁམས་རྣམས་སུ་ཆོས་སྡེ་མང་པོ་བཏབ། དགུང་ལོ་སུམ་བཅུ་སོ་གཅིག་པ་ཤིང་མོ་གླང་གི་ལོ་ལ་དཔལ་ལྡན་ས་སྐྱར་འཕེབས། ཆོས་དང་ཟང་ཟིང་གི་མཛད་པ་བསམ་གྱི་མི་ཁྱབ། སོ་སུམ་པ་མེ་མོ་ཡོས་ཀྱི་ལོ་ལ་སླར་ཡང་སེ་ཆེན་རྒྱལ་པོས་སྤྱན་དྲངས་གོང་ལ་ཕེབས། འགྲོ་དོན་མཛད། ཞེས་གཉིས་པ་མེ་ཕོ་བྱི་བ་ལ་གདན་ས་ཆེན་མོར་ཕེབས། མེ་མོ་གླང་ལ་ཆུ་མིག་དུ་དགེ་འདུན་ཁྲི་ཕྲག་བདུན་གྱིས་ཞབས་རྟོག་མཛད། གསེར་རྐྱང་ཞོ་རེ། སུམ་རྣམ་རེ་དང། གནང་འབུལ་བ་བསམ་གྱི་མི་ཁྱབ་པ་མཛད། ལྷ་ཁང་ཆེན་མོ་ཀ་སྒྱོངས་མཚམ་པའི་ཀ་བ་སྟོང་སུམ་རྒྱ་ལྔ་བཅུ། ལྷ་ཆེན་དཔལ་འབར་གྱི་སྐུ་ཐོག་ཚད་ལྔ་ཙམ་གྱི་ཁྲི་རྒྱབ་དང་བཅས་པ་གསེར་