R871: དཔལ་ལྡན་ས་སྐྱ་པའི་གདུངས་རབས་རིན་པོ་ཆེའི་འཕྲེང་བ། རྣམ་ཐར་མདོ་ཙམ་གྱི་འོད་མདངས་དང་བཅས་པ།

  • Pagination (Witness A): ༢བ
[A:༢བ]བྱུང། དགུང་ལོ་དྲུག་བཅུ་རྩ་བདུན་པ་ས་ཕོ་སྟག་གི་ཐ་དཀར་ཟླ་བའི་ཚེས་བཅུ་བཞི་ལ་གཤེགས། དེའི་སྲས་ཆེ་བ་གཅེན་ཀུན་དགའ་འབར་རྒྱ་གར་དུ་བྱོན། མ་ཧཱ་པཎྜི་ཏར་གྱུར། དགུང་ལོ་ཉི་ཤུ་རྩ་གཉིས་པ་ལ་རྒྱ་གར་མ་ག་ཏ་ཉིད་དུ་གཤེགས་སོ།། དེའི་འོག་སློབ་དཔོན་ཆེན་པོ་བསོད་ནམས་རྩེ་མོ་ཆུ་ཕོ་ཁྱི་ལོ་ལ་སྐུ་འཁྲུངས་དེ་མ་ཐག་སཾསྐྲིཏའི་སྐད་གསུངས། དགུང་ལོ་གསུམ་པ་ལ་འཇམ་དབྱངས། ཀྱེ་རྡོར། སྒྲོལ་མ། མི་གཡོ་བ་རྣམས་ཞལ་གཟིགས། དགུང་ལོ་གསུམ་པ་ལ་ཀྱེ་རྡོར་བརྒྱུད་གསུམ། བདེ་མཆོག་རྩ་རྒྱུད། མངོན་པ་ཀུན་ལས་བཏུས་དང་ལྔ་ཐུགས་ལས་གསུངས་པའི་གྲུབ་ཆེན་ཡིན་ཞིང། སྐྱེ་འཆི་ལ་དབང་ཐོབ། རེ་ཞིག་གདུལ་བྱའི་ཞིང་འདི་སྨིན་ནས་དགུང་ལོ་ཞེ་གཅིག་པ་ཆུ་ཕོ་སྟག་གི་སྨན་པོའི་ཚེས་བཅུ་གཅིག་ལ་བདེ་བ་ཅན་དུ་མངོན་སུམ་དུ་གཤེགས་པར་གྱུར་ཏོ།། དེའི་བཅུང་རྗེ་བཙུན་གྲགས་པ་རྒྱན་མཚན་མེ་མོ་ཡོས་ལ་འཁྲུངས། སྤྱོད་པ་རབ་བྱུང་ལས་ཀྱང་བཙུན་པར་མཛད། དམ་རྫས་ཙམ་ཐ་མལ་དུ་ཤ་ཆང་ཞལ་ལ་མི་རེག། མདོ་སྔགས་ཀྱི་ཆོས་ཐམས་ཅད་མཁྱེན། སྒྲ་དང་རྟོག་གེ་ལ་ཤིན་ཏུ་མཁས། གྲུབ་པ་ཐོབ་འགྲོ་དོན་མཛད་ནས་དགུང་ལོ་བདུན་བཅུ་པ་མེ་ཕོ་བྱི་བའི་ལོ་ཁྲའི་ཟླ་བའི་ཚེས་བཅུ་གཉིས་ལ་གཤེགས། དེའི་གཅུང་དཔལ་ཆེན་འོད་པོ་ནི་ལྕགས་ཕོ་རྟ་ལ་འཁྲུངས། རིག་པའི་གནས་ལྔ་མཁྱེན། ཉམས་དང་རྟོགས་པ་ཚད་མེད་མངའ། དགུང་ལོ་ང་བཞི་པ་ཆུ་མོ་ཕག་གི་ལོ་ཟླ་བ་ལྔ་པའི་གཅིག་ལ་གཤེགས། དེའི་སྲས་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆུ་ཕོ་རྟ་ཁྲའི་ཟླ་བའི་ཉི་ཤུ་དྲུག་ལ་འཁྲུངས། གོག་པོ་དུས་ས་ལ་ན་ག་ར་དང། ལན་ཚའི་ཨ་ལི་ཀ་ལི་ཚང་མར་བྲས་ཤིང། ཀློག་པར་མཛད་པ་སོགས་ཆེན་མོ་ལྟར་བསམ་གྱི་མི་ཁྱབ། དགུང་ལོ་རེ་གསུམ་པ་རེ་གསུམ་པ་ཤིང་ཕོ་འབྲུག་ལ་རྒྱར་དབོན་པོ་གཉིས་དང་བཅས་པ་ཐེགས། ལམ་དུ་ཆོས་གསུངས་པས་ལོ་གསུམ་འགོར། ལུག་ལོ་ཟླ་བ་དང་པོ་ལ་གོ་དན་རྒྱལ་པོ་དང་མཇལ། ཆོས་མང་པོ་གནང། དེ་ནས་ལོ་ལྔ་པ་ལྕགས་མོ་ཕག་གི་སྨལ་པོའི་ཚེས་བཅུ་བཞི་ལ་ཕོ་བྲང་ལིང་ཆུ་རྩེའི་ཁབ་སྤྲུལ་པའི་ཆོས་སྡེར་གཤེགས། དེའི་གཅུང་ཟང་ཚ་སློབ་དཔོན་བསོད་ནམས་རྒྱན་མཚན་ཤིང་ཕོ་འབྲུག་ལ་འཁྲུངས། ཡབ་མེས་ཀྱི་ཆོས་མཐའ་དག་མཁྱེན། སེམས་དཔའ་ཆེན་པོར་གྱུར། ཆོས་སྐྱོང་ལྕམ་དྲལ་བྲན་དུ་འཁོལ། དམར་པོ་སྐོར་གསུམ་གྲུབ། ཁྱད་པར་ཚོས་ཀྱིས་བདག་པོས་སུམ་བཅུ་རྩ་གསུམ་དུ་སྤྱན་དྲངས་རྒྱལ་ཁམས་དབང་