R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༣༥
[A:༣༣༥]པའི་དྲི་བསུང་གིས་ཡིད་དྲངས་ནས། ཕྱོགས་ཐམས་ཅད་ནས་འདུས་པའི་དོན་གཉེར་གྱི་ཚོགས། སྐྱེས་ཐོབ་ཀྱི་བློ་གྲོས་གསལ་བ། ཚུལ་ཁྲིམས་ཀྱི་རྒྱུད་དག་པ། སྡེ་སྣོད་ཀྱི་ཚིག་དོན་ལ་མཁས་པ། རྒྱུད་སྡེའི་གནད་གོ་བ་བསྒོམ་པའི་ཉམས་མྱོང་གིས་ཕྱུག་པ་དུ་མ་དང༌། གཞན་ཡང་ཆོས་ཀྱི་རིགས་སད་ཅིང༌། དད་གུས་ཀྱི་རྒྱུད་བརླན་པའི་རབ་ཏུ་བྱུང་བ་དང༌། སྐྱེས་པ་དང༌། བུད་མེད་དང༌། གཞོན་ནུ་ལ་སོགས་པ་སྐྱེ་བོ་བརྒྱ་ཕྲག་མང་པོ་ལ་ལོ་རེ་བཞིན། རྒྱུད་སྡེ་ཐམས་ཅད་དོན་ཀྱི་བཅུད་ཕྱུང་བའི་གསང་ཆེན་བླ་ན་མེད་པ་ཉེ་ལམ། དཔལ་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད། སྨིན་བྱེད་ཀྱི་དབང་བྱིས་པ་འཇུག་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་གོང་མ་སྔོན་དུ་འགྲོ་བ་ཅན་གྱི་མྱོང་ཁྲིད། སླ་ཆོས་དང༌། མགྱོགས་བཤད་དང༌། ལུང་ཁྲིད་ཙམ་མ་ཡིན་པར་ཉམས་ལེན་བརྡར་ཤ་ཆོད་ངེས་ཤེས་པ་ཁོ་ན་གསུངས་ཏེ། ངེས་དོན་གྱི་ཉམས་དང་ཏིང་ངེ་འཛིན་བཟང་པོ་མ་སྐྱེས་པ་རྣམས་ནི་བསྐྱེད་པར་མཛད། སྐྱེས་པ་རྣམས་ནི་བོགས་ཐོན་ཞིང་གོང་འཕེལ་དུ་མཛད། གེགས་ཐམས་ཅད་མིང་མེད་དུ་བསལ་ཞིང་ཡོན་ཏན་ཡར་འཕེལ་དུ་འགྱུར་བར་མཛད་དེ། དེའང་བདག་གི་བླ་མ་ངེས་པར་གྲུབ་པ་མཆོག་གི་འཁོར་ལོ་སྒྱུར་བ་འདིའི་བྱིན་རླབས་ཀྱི་ཟིལ་བློའི་རྭ་བ་ལས་འདས་པས། དབང་བསྐུར་གྱི་ཡེ་ཤེས་འབེབས་པ་དང༌། སེམས་དཔའ་བསྐུལ་བ་སོགས་ཀྱི་ཚེ། ཚོགས་པ་ཐམས་ཅད་ལ་རྒྱུད་སྡེ་ལས་གསུངས་པའི་ལུས་ངག་ཡིད་གསུམ་གྱི་ཉམས་བཟང་པོ་འུར་ལངས་པ་ཁོ་ན་འབྱུང་བས་ཁ་ཅིག་ནི་ཐོག་སོ་མང་པོ་ལ་ཡར་མར་དུ་བྱ་ལྟར་དུ་ལྡིང༌། ལ་ལ་ནི་སཾ་སྐྲྀ་ཏའི་