R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༨༧
[A:༣༨༧]མའི་ཕྱེ་མས་སྦགས་པའི་རྒྱུ་ལས་གྲུབ་ཅིང༌། འཛམ་བུ་ཆུ་བོའི་གསེར་གྱིས་བྱུགས་པའི་འོད་འབར་བ་དེ་དག་གི་ནང་ན་རྟེན་རྫོང་ཇི་ལྟར་བཞུགས་པའི་ཚུལ་ནི། རྗེ་ཉིད་ཀྱི་སྐུ་གདུང་རིན་པོ་ཆེ་ཕྱེ་མར་བྱས་པ་ལས་གྲུབ་པའི་ གདུང་ཚ་གྲངས་མེད་པ་ཞིག་བཏབ་སྟེ། རྟེན་གྱི་གཙོ་བོ་གསུམ་པོ་འདིའི་དབུའི་ནང་ན། ལམ་ཟབ། རྣལ་འབྱོར་མ་རྡོ་རྗེ་འཇིགས་བྱེད་རྣམས་ཀྱི་བརྒྱུད་པ་འབུར་སྐུ་རྫོགས་པ་རེ། རྣལ་འབྱོར་དབང་ཕྱུག་བིརྺ་པའི་སྐུ་ལྔ་བརྒྱ་ལྷག་པ། ཀྱེ་རྡོར། བདེ་མཆོག །དུས་འཁོར། གསང་འདུས། འཇིགས་བྱེད། གཤེད་དམར་སོགས་སྔགས་སྐུ་དུ་མ་སྒྲོལ་མ་དཀར་མོའི་སྐུ་ཁྲི་ཚོ་རེ་དང་བརྒྱད་བརྒྱ་ཙམ། དཔལ་གུར་གྱི་མགོན་པོ་ལྔ་བརྒྱ་ཙམ་རེ་དང་བཅས་པ། བླ་མ་གཞན་རྣམས་ཀྱི་ཐུགས་ཀ་ན། ཀྱེ་རྡོར་ནས་འཁོར་ལོ་ཆེན་པོའི་བར་གྱི་སྔགས་སྐུ་རྣམས་གསུམ་གསུམ་དང༌། སྒྲོལ་དཀར་གྱིས་ཕྱུར་བུར་གང་ཞིང༌། མཐར་གུར་གྱི་མགོན་པོ་བརྒྱ་རྩ་ཙམ་དང་བཅས་པ་བཞུགས་པ། དེ་ཐམས་ཅད་ལ་གསེར་དངུལ་གྱིས་བྱུགས། གོས་དར་དང་རས་བཅོས་བུ་དྲི་མ་མེད་པའི་ན་བཟའ་དང་བཅས་ཏིལ་གྱི་གང་བུ་བཞིན་ལེགས་པར་གཏམས་པ་དང༌། སྲོག་ཤིང་རྟེན་པའི་གཟུངས་བླ་མ་བརྒྱུད་པའི་མཚན་འབུམ་ནས་གཟུངས་བཀྲ་ཤིས་ཀྱི་བར་རྒྱུད་སྡེ་བཞི་དང་འབྲེལ་བའི་གཟུངས་བསམ་གྱིས་མི་ཁྱབ་པ། ཐུགས་ཀ་ན་རྗེ་ཉིད་ཀྱི་སྐུ་གདུང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་རེ་རེ་དང༌། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་ཡབ་སྲས་ལ་སོགས་པ་བླ་མ་གོང་མའི་བྱིན་རླབས་རྟེན་དུ་མ་བཞུགས་ཤིང༌། མཐའ་རིན་པོ་ཆེས་བྲིས་ཤིང་ཟླ་བ་གསུམ་གྱི་བར་བསྒྲུབས་པའི་གནོད་སྦྱིན་འཁོར་ལོས་ཞབས་སྡོམ་པའི་བར། རྗེ་བཙུན་ས་སྐྱ་པའི་བཞེད་