R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༩ན-༢༨༧
[A:༤༩ན-༢༨༧] ༄༅། །ཁྱེད་རང་རྣམས་ཀྱི་གཟུ་བོའི་བློས་དཔྱད་ན་གོ་འོང། བདག་ཅིག་པུ་ལ་ཀག་བཙུགས་མའང་ཅི་ཡོད། འདེམ་ཆ་གཞན་ཡང་ཡོད་ངེས་པས་ཞལ་བཀོད་དང་བསྟུན། སང་སྔ་པ་ལ་ལམ་ཆོད་པ་བྱ་བ་ལྟར་འབྱོན་པ་ལེགས། ངེད་ཀྱིས་ཞབས་ཏོག་མི་འགྲུབ་པ་ཐག་ཆོད་ཡིན་པས་དེ་ཀའི་གྲོས་བསྟུན་མཛོད། ཅེས་ནན་ཆགས་ཀྱི་བཀའ་ཕེབས་པ་ལ། ཁོང་རྣམ་པས། ངེད་རྣམས་ད་རེས་རྗེ་དྲུང་འདི་ཀ་མ་གཏོགས་གཞན་གང་ནས་ཀྱང་གདན་འདྲེན་ཞུ་བའི་བཀོད་པ་མེད་པས་འདི་ཀར་སྒུག་སྡོད་ཞུ་ཞེས། འབྲི་ཁུང་མཁན་རིན་པོ་ཆེའི་སྐུ་ངོ་སྒུལ་བ་ལ་བྱོན་པས། དྲུང་དུ་ཐེགས་པའི་བཀའ་ལས། ཚོགས་པའི་གདན་འདྲེན་པ། འདི་རྣམས་ཀྱང་ཡུན་རིང་ཙམ་སོང་བའི་ངང་ཐུང་བའི་རྣམ་པས། ངེད་ལའང་རྒྱུ་མཚན་འབུལ་རོགས་དགོས་གསུང་བ། ཅེས་ཀྱང་ཐེགས་དགོས་པའི་ལེགས་སྤེལ་ཞུས་པ་ལ། གཞན་བླ་མའི་བཀའ་མི་སྒྲུབ་པ་ལུགས་དང་མི་མཐུན་ཏེ། ཚོགས་པ་ཡར་རྒྱབ་ནས་ཕེབས་དུས། གདུག་ཅན་ལ་ལའི་བྱེད་སྤྱོད་ཀྱིས། ནང་སོ་ཞལ་ངོའི་ཐུགས་དཀྲུགས་པ་ལ་བརྟེན། དེའི་སྐྱེས་ཀྱིས་འཕྲལ་དུ་འདེགས་པ་དཀའ་ཞིང་བྱང་དུ་དཔོན་སློབ་ནང་ཁུལ་སོ་སོར་སོང་བ་ལྟ་བུའི། ནང་སོ་རྣམ་པའང་མཛད་དཀར་གཏད། གདན་ས་འཁོད་འཕྲལ་ཐེགས་དགོས་པའི་ཞལ་ཆད་ཀྱང་ཡོད་ཚོད་འདུག། ཡར་རྒྱབ་ནས་ཀྱང། སོ་སོའི་སྙན་ཕྲ་ཞུ་